却三加 སེམས་བྲིས་ལྷ་མོ།

创作翻唱 天籁藏曲歌集 第41期 2018-12-07 创建 播放:7793

介绍: སེམས་བྲིས་ལྷ་མོ།
ཚིག རི་ཕྱོར་འབྲུག་འབུམ།
དབྱངས། མཆོག་གསུམ་རྒྱལ།
ལེན་མཁན། མཆོག་གསུམ་རྒྱལ།

ཆུ་འགྲམ་ཐང་ནས་བལྟས་ན།།
ཐང་ཆེན་མཐའ་ཁ་མི་མཐོང་།།
ལུག་དང་ལུག་རྫི་བུ་མོ།།
ཐང་བྲིས་ལྷ་མོ་མིན་ཚེ།།
ཕྱོཊ་མཐོང་ཞིང་ཚིག་གྲུ་བཞི།།
སྨོན་པའི་ཁ་སྣོན་མ་རེད།།

འབའ་ཡི་ལུང་པ་བརྒྱུད་ཚེ།།
ལ་ལུང་ཁ་རི་མི་མཐོང་།།
རོང་མོ་མིག་ལ་མཛེས་མོ།།
ལུང་...

介绍: སེམས་བྲིས་ལྷ་མོ།
ཚིག རི་ཕྱོར་འབྲུག་འབུམ།
དབྱངས། མཆོག་གསུམ་རྒྱལ།
ལེན་མཁན། མཆོག་གསུམ་རྒྱལ།

ཆུ་འགྲམ་ཐང་ནས་བལྟས་ན།།
ཐང་ཆེན་མཐའ་ཁ་མི་མཐོང་།།
ལུག་དང་ལུག་རྫི་བུ་མོ།།
ཐང་བྲིས་ལྷ་མོ་མིན་ཚེ།།
ཕྱོཊ་མཐོང་ཞིང་ཚིག་གྲུ་བཞི།།
སྨོན་པའི་ཁ་སྣོན་མ་རེད།།

འབའ་ཡི་ལུང་པ་བརྒྱུད་ཚེ།།
ལ་ལུང་ཁ་རི་མི་མཐོང་།།
རོང་མོ་མིག་ལ་མཛེས་མོ།།
ལུང་བྲིས་ལྷ་མོ་མིན་ཚེ།།
ལམ་ཁའི་རྒྱ་ལྕང་འཐར་འཐོར།།
སེམས་པའི་མཚར་སྡུག་མ་རེད།།

ན་ཟླའི་རྩེ་དགོད་ཁྲོད་ནས།།
ལས་དང་སྐལ་བ་མི་མཐོང་།།
སྨྲ་བ་ཉུང་བའི་བུ་མོ།།
དངོས་འབྱུང་ལྷ་མོ་མིན་ཚེ།།
ཆང་གྲོཊ་གཅིག་ཆ་གཉིས་ཆ།།
ཚེ་གཅིག་སྐྱ་ཡ་མ་རེད།།

བརྩེ་དུང་བརྩེ་དུང་ཟེར་ནས།།
མི་སེམས་ངོ་མ་མི་མཐོང་།།
ཁ་བཏགས་ལྟ་བུའི་མི་དེ།།
སེམས་བྲིས་ལྷ་མོ་མིན་ཚེ།།
དགའ་བ་དུང་བ་ཟེར་བ།།
སྐད་ཆའི་གླེང་ཕྱོགས་ཞིག་རེད།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息