疯人 ཨ་མ་དྲན་མགུར།

创作翻唱 天籁藏曲歌集 第7期 2018-12-05 创建 播放:6428

介绍: ཨ་མ་དྲན་མགུར།
ཚིག འབྲོག་རུའི་མྱི་སྨྱོན།
དབྱངས། དམངས་ཁྲོད།
ལེན་མཁན། འབྲོག་རུའི་མྱི་སྨྱོན།

འཇིག་རྟེན་ཁམས་ཀྱི་སྐྱེ་བོ་གྲངས་མེད་ལ།།
དྲིན་གྱིས་སྐྱོང་བའི་ཨ་མ་རེ་རེ་ཡོད།།
མ་བུའི་བརྩེ་སེམས་མེད་པ་གཅིག་ཀྱང་མེད།།
ཐ་མར་མི་འབྲལ་འདུག་དབང་སུ་ལ་མེད།།

སྔ་མོ་ཉི་འོད་མཐོང་ན་ཨ་མ་དྲན།།
ཨ་མས་གཉོར་སྐྱོང་བྱས་པའི་གོ་རིམ་དྲན།།
ཉི་མར་...

介绍: ཨ་མ་དྲན་མགུར།
ཚིག འབྲོག་རུའི་མྱི་སྨྱོན།
དབྱངས། དམངས་ཁྲོད།
ལེན་མཁན། འབྲོག་རུའི་མྱི་སྨྱོན།

འཇིག་རྟེན་ཁམས་ཀྱི་སྐྱེ་བོ་གྲངས་མེད་ལ།།
དྲིན་གྱིས་སྐྱོང་བའི་ཨ་མ་རེ་རེ་ཡོད།།
མ་བུའི་བརྩེ་སེམས་མེད་པ་གཅིག་ཀྱང་མེད།།
ཐ་མར་མི་འབྲལ་འདུག་དབང་སུ་ལ་མེད།།

སྔ་མོ་ཉི་འོད་མཐོང་ན་ཨ་མ་དྲན།།
ཨ་མས་གཉོར་སྐྱོང་བྱས་པའི་གོ་རིམ་དྲན།།
ཉི་མར་སྤྲིན་པས་ཡང་བསྐོར་བསྐྱར་བསྐོར་བྱས།།
མི་རྟག་འདས་བྱས་ཡིན་པ་སྙིང་ནས་དྲན།།

ནུབ་ཕྱོགས་རི་ལ་ལྷུང་བའི་ཉི་མ་མཐོང་།།
དྲིན་ཆེན་ཨ་མ་ནུབ་པ་ཝ་ལེར་དྲན།།
བྱམས་བརྩེའི་དབུལ་བའི་དྭ་ཕྲུག་འཁྱམ་པོ་ངས།།
དྲིན་ཆེན་ཨ་མ་དྲན་ནས་རེ་རེ་ངུས།།

མུན་པའི་ས་གཞི་ཁེངས་ཤིང་འཇིག་རྟེན་གཡོགས།།
ང་ཡང་མུན་པའི་ཀློང་ནས་སྐྱོ་ཞིང་ངུས།།
མིག་ཟུང་མཆི་མའི་སྐོར་བཞིན་མཁའ་ལ་བལྟས།།
རྒྱུ་སྐར་ཁྲོད་ན་ཨ་མའི་ཞལ་རས་འདུག།

ལག་པས་མིག་ཆུ་ཕྱིས་ནས་ཡུད་ཙམ་བལྟས།།
ཟླ་བའི་འཛུམ་དཀར་ཡིན་པས་དེ་བས་སྐྱོ།།
ཨ་མ་ཨ་མ་ཟེར་ནས་ལན་རེ་བོས།།
དྲན་གི་དྲན་གི་ཟེར་ནས་ཐེངས་རེ་ངུས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息