ནོར་བུ་བསམ་གྲུབ། ཆར་སིམ༢

创作翻唱 GUAB 音乐圈 第26期 2018-11-11 创建 播放:72499

介绍: ༢  ཆར་སིམ།

ཁུ་སིམ་གྱི་མཚན་མོ་ལ།

གཅིག་པུར་ལུས་པའི་དུས་དེ་ལ།

མཛེས་པའི་རྗེས་དྲན་སླར་ཡང་སེམས་ལ་འཁོར།

ཆར་སིམ་བབས་པའི་མཚན་མོ་ལ།

ཁྱེད་ཀྱི་ཞལ་རས་སེམས་ནང་དྲན།

འོན་ཀྱང་ངས་རྒྱང་ནས་ཁྱེད་ལ་བལྟས།

ལས་དབང་རྫོགས།  ཁ་ཡང་བྲལ།

ད་ཆ་ཁྱེད་ལ་བདེ་སྐྱིད་ཐོབ།

བུ་ང་ཡི་ཁྱེད་ལ་སྨོན་འདུན་ཞུ།

མ་མཇལ་ཡུན་རིང་བུ་མོ་ལགས།

སྤྲོ་སྣང་ལྡན...

介绍: ༢  ཆར་སིམ།

ཁུ་སིམ་གྱི་མཚན་མོ་ལ།

གཅིག་པུར་ལུས་པའི་དུས་དེ་ལ།

མཛེས་པའི་རྗེས་དྲན་སླར་ཡང་སེམས་ལ་འཁོར།

ཆར་སིམ་བབས་པའི་མཚན་མོ་ལ།

ཁྱེད་ཀྱི་ཞལ་རས་སེམས་ནང་དྲན།

འོན་ཀྱང་ངས་རྒྱང་ནས་ཁྱེད་ལ་བལྟས།

ལས་དབང་རྫོགས།  ཁ་ཡང་བྲལ།

ད་ཆ་ཁྱེད་ལ་བདེ་སྐྱིད་ཐོབ།

བུ་ང་ཡི་ཁྱེད་ལ་སྨོན་འདུན་ཞུ།

མ་མཇལ་ཡུན་རིང་བུ་མོ་ལགས།

སྤྲོ་སྣང་ལྡན་པའི་འཛུམ་དངས་དེ།

ཚེ་དེར་ངས་ཁྱེད་ལ་ཆད་པའི་ལས།

ཁུ་སིམ་གྱི་མཚན་མོ་ལ།

ང་ཡི་སེམས་གཏིང་གླུ་ཞིག་ལེན།

མཛེས་པའི་བུ་མོ་ད་ཆ་གང་དུ་ཡོད།

ཆར་སིམ་ཚར་ནས་གངས་ཡང་བབས།

དབྱར་དགུན་སྟོན་དཔྱིད་གྲངས་མེད་ཕྱིན།

འོན་ཀྱང་ངའི་བརྩེ་སེམས་འགྱུར་བ་མེད

ལོ་མང་བྲལ་ནས་སླར་ཡང་མཇལ།

མཛེས་པའི་རྗེས་དྲན་ལྷང་ལྷང་འཁོར།

ཚེ་འདིར་ཁྱེད་དང་འཕྲད་པར་ཐུགས་ཆེ་ཞུ།

མ་འོངས་ལོ་ཟླའི་ནང་ལ།

སྐུ་གཟུགས་ཐུགས་ཅག་གནང་རོགས་ཞུ།

ཁྱེད་ནམ་ཡང་ངའི་ལང་ཚོའི་མཛེས་སྡུག་ཞིག།

ཆར་སིམ་གྱིས་གཞི་བརླན་རྗེས་སྐྱེ་དངོས་འཚར་ཡོང།

མཛེས་པའི་རྗེས་དྲན་བུ་ངའི་སེམས་ནས་དོར།

བུ་ཆུང་ངས་མིག་ཆུ་ལྷུང་རྗེས་སྐྱིད་སྡུག་ཚོར་ཡོང།

འོན་ཀྱང་ངས་རྒྱང་ནས་སྨོན་འདུན་ཞུ།

ལས་དབང་རྫོགས།  ཁ་ཡང་བྲལ།

ད་ཆ་ཁྱེད་ལ་བདེ་སྐྱིད་ཐོབ།

བུ་ང་ཡི་ཁྱེད་ཕྱོགས་ལ་སྨོན་འདུན་ཞུ།

མ་མཇལ་ཡུན་རིང་བུ་མོ་ལགས།

སྤྲོ་སྣང་ལྡན་པའི་འཛུམ་དངས་དེ།

ཚེ་དེར་ངས་ཁྱེད་ལ་ཆད་པའི་ལས།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息