གོམ་ཐེངས་གང་ Bhutan___Mr.Dan

创作翻唱 不丹老总电台 第21期 2018-10-11 创建 播放:661305

介绍: ཚིག་བརྩམས་མི། དྲུང་འཚོ་ཤེས་རབ།

རོལ་གཞས་པ། ཚེ་རིང་རྡོ་རྗེ།

སྐད་འཐེན་མི། རྣམ་རྒྱལ་ཇིག་སི། བསྟན་འཛིན་དབང་མོ།

སྙན་ཆ་བཟོ་མི། བཀྲིས་དབང་འདུས།

གོམ་ཐེངས་གང་གི་ས་ཁ་ལུ།།

འགའ་བའི་ཞིང་ཁམས་ཡོད་རུང་།།

བུ་ཁྱོད་རང་དང་མེད་པ་ཅིན།།

གོམ་ཐེངས་གང་ཡང་ང་མི་སྤོ།།

རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བཀལ་རུང་། །

ཆོས་ཁྲིམས་དར་གྱི་དུད་ཕ...

介绍: ཚིག་བརྩམས་མི། དྲུང་འཚོ་ཤེས་རབ།

རོལ་གཞས་པ། ཚེ་རིང་རྡོ་རྗེ།

སྐད་འཐེན་མི། རྣམ་རྒྱལ་ཇིག་སི། བསྟན་འཛིན་དབང་མོ།

སྙན་ཆ་བཟོ་མི། བཀྲིས་དབང་འདུས།

གོམ་ཐེངས་གང་གི་ས་ཁ་ལུ།།

འགའ་བའི་ཞིང་ཁམས་ཡོད་རུང་།།

བུ་ཁྱོད་རང་དང་མེད་པ་ཅིན།།

གོམ་ཐེངས་གང་ཡང་ང་མི་སྤོ།།

རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བཀལ་རུང་། །

ཆོས་ཁྲིམས་དར་གྱི་དུད་ཕོད་བསྡམ་རུང་། །

ཁྱོད་གཞན་དང་ང་མི་གཏང་། །

བུམོ་ཁྱོད་མེད་ན་འཛམ་བུ་གླིང་། སྟོང་ཧང་ཧ། །

བུ་ཁྱོད་མེད་ན་གཡུས་བཟང་ཁྲ་མོ། སྟོང་ཧང་ཧ། །

ཁྱོད་མེད་ན་ངེ་གི་སེམས། སྟོང་ཧང་ཧ། 

གནམ་ལས་གནམ་ལྕགས་སྟོང་སྦེ་འབད་རུང་། །

ས་ལས་ས་ཆུ་འབུམ་སྦེ་འཐོན་རུང་། །

ཁྱོད་གཞན་དང་ང་མི་གཏང་། །

བུམོ་ཁྱོད་མེད་ན་ཉི་མའི་འོད། བསིལ་ཏོང་ཏོ། །

བུ་ཁྱོད་མེད་ན་ཟླ་བའི་གདངས། གནག་དུང་དུ། །

ཁྱེད་མེད་ན་ངེ་གི་སེམས། སྟོང་ཧང་ཧ། །

རང་གཉིས་གཅིག་ཁར་ཡོད་པ་ཅིན། །

འདྲེ་དང་ཕྱད་རུང་ང་མི་འདྲོག །

མེ་གིས་འཚིག་རུང་ང་མི་འཚོར། །

ཆུ་གིས་སྦངས་རུང་ང་མི་གྱང་། །

དབང་ཆེན་དཔོན་པོའི་བཀའ་རྒྱ་གནང་རུང་། །

མཚན་ལྡན་བླ་མའི་གདམས་བཅའ་གནང་རུང་། །

ཁྱོད་གཞན་དང་ང་མི་གཏང་། །

བུམོ་ཡོད་ན་དགུན་གྱི་རི། ཧོ་རུ་རུ། །

བུ་ཁྱོད་ཡོད་ན་བྱཱར་གྱི་ཆུ། དྭངས་འཕྲོད་འཕྲོད། །

ཁྱོད་ཡོད་ན་སྡོད་པའི་ས། འགའ་ཏོག་ཏོ། །

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息