མདུན་སྐྱོད་ཁྲོད་ཀྱི་མགོ་ལོག

创作翻唱 岭乡之音 【 བོད་གཞས། 】 第114期 2018-10-04 创建 播放:12056

介绍: མདུན་སྐྱོད་ཁྲོད་ཀྱི་མདོ་ཁམས་མགོ་ལོག 

འཇུ་སྐལ་བཟང་གིས་བརྩམས།
གཞས། ཤེར་བསྟན། རྒྱལ་མཚན། ཁ་བའི་མེ་ཏོག་ཚན་སྡེབ། རྡོ་བ་ཚེ་སྐྱིད།

  
མདོ་ཁམས་ས་ཡི་ཐིག་ལེ། 
གངས་གྲགས་པ་ཅན་པོའི་ལྷ་ཞོལ།
གླིང་དཀར་སྟོད་པའི་གནའ་ས། 
ཨ་ལྕགས་འབྲུ་བས་ཕ་མཁར་བསྐྲུན་ས། 
བུ་དཔའ་རྩལ་ཅན་ལ་ཁོག་རྒྱ་ཡིས་ལྷག་ས། 
སེམས་བརྩེ་བ་ཅན་ལ་གཞན་ཕན་གིས་འཕགས་ས།
དམ...

介绍: མདུན་སྐྱོད་ཁྲོད་ཀྱི་མདོ་ཁམས་མགོ་ལོག 

འཇུ་སྐལ་བཟང་གིས་བརྩམས།
གཞས། ཤེར་བསྟན། རྒྱལ་མཚན། ཁ་བའི་མེ་ཏོག་ཚན་སྡེབ། རྡོ་བ་ཚེ་སྐྱིད།

  
མདོ་ཁམས་ས་ཡི་ཐིག་ལེ། 
གངས་གྲགས་པ་ཅན་པོའི་ལྷ་ཞོལ།
གླིང་དཀར་སྟོད་པའི་གནའ་ས། 
ཨ་ལྕགས་འབྲུ་བས་ཕ་མཁར་བསྐྲུན་ས། 
བུ་དཔའ་རྩལ་ཅན་ལ་ཁོག་རྒྱ་ཡིས་ལྷག་ས། 
སེམས་བརྩེ་བ་ཅན་ལ་གཞན་ཕན་གིས་འཕགས་ས།
དམ་ཚིག་གཙང་མར་ཆག་གྲུམ་མ་ཤོར། 
ལྷ་མནའ་དཀར་པོར་གཡའ་དྲེག་མ་ཆགས།
གངས་ཉི་མས་མ་ཞུ་གཟི་བྱིན་སྔར་དང་མཉམ་ས།
རྒོད་རླུང་གིས་ན་ནོན་བྱ་ལམ་གོང་མ་སྙོག་ས།
རྒྱ་སྟག་གཡང་ལ་ལྷུང་ཉིན་མགོ་རྣ་གནམ་གིས་འཐེན་ས།
འབྲོང་མོ་རྫ་མཐའ་འགྲིམ་ཉིན་ལམ་སྟོན་སྤྲིན་པས་བྱེད་ས།
ཁ་འབྲོག་འོ་མའི་རྒྱ་མཚོ་རོང་བཞི་ནས་ཀྱིས་གང་ས།
སྐྱ་བོ་དཔའ་རྩལ་མ་ཉམས་སེར་མོས་ཆོས་མགོ་ཐོན་ས། 

ཧ་ཧ་ཧ་ཧ་ཧ་ཧ།
སྐྱོད་ཡ། སྐྱོད་ཡ། 
འདི་ནས་ལམ་ལ་ཆས་འགྲོ
ལོ་རྒྱུས་ཀྱི་ལམ་སྣེ་ནམ་ཡང་ཟད་པ་མེད། 
ལས་དབང་གི་མཁར་ཆེན་སུས་ཀྱང་བཞེངས་པས་ཆོག
ལམ་དཀའ་བ་ཆེ་ཡང་ལམ་སྣེ་རྡོག་པའི་འོག
རྡོག་བྲོ་འགྲིག་པོ་རྒྱོབས་དང་། 
གཞས་གདངས་འགྲིག་པོ་ཐོངས་དང་། 
ཕྱི་འགྲིག་འགྲིག་གྲུ་བཞི་ཤོ་འདྲ་དགོས།
ནང་མཐུན་མཐུན་གོར་མོ་རྔ་འདྲ་དགོས། 

སྐྱོད་ཡ། མཉམ་དུ་སྐྱོད་ཡ། 
འཛམ་གླིང་ཡང་རྩེའི་བདག་པོ། 
སང་ཉིན་གི་བསང་དུད་དང་པོ་གཏོང་མཁན།
སྐྱོད་ཡ། མཉམ་དུ་སྐྱོད་ཡ། 

མདོ་ཁམས་ས་ཡི་ཐིག་ལེ། 
རི་གཏམ་རྒྱུད་ཅན་པོའི་ལྷ་ཞོལ།
མི་ངོ་ལྷ་ཞལ་འཕྲོད་ས།
མི་དང་ཡུལ་ལྷ་དབོན་ཞིང་སྡེབ་ས། 
བུ་དཔའ་རྩལ་ཅན་ལ་ཁོག་རྒྱ་ཡིས་ལྷག་ས། 
སེམས་བརྩེ་བ་ཅན་ལ་གཞན་ཕན་གིས་འཕགས་ས།
གནམ་ལ་བསླངས་ཉིན་རྡོ་རིང་གྲུ་བཞི། 
ས་ལ་བསྡད་ཚེ་ཕ་བོང་ཟུར་བརྒྱད། 
རི་སྤྲིན་གིས་མ་ནོན་རྩེ་མོ་མཁའ་ལ་འཕགས་ས།
ཆུ་ཆབ་རོམ་འོག་ན་རླབས་སྒྲ་ལྷུང་ལྷུང་འབབ་ས།
ན་ཆུང་སེམས་ཁ་གཉོམ་ཉིན་སྐྱོ་གཞས་སྦྲང་མས་ལེན་ས།
བུ་ཕོ་ཁེར་འགྲོས་བྱེད་ཉིན་སྐྱོ་སྐད་རྟ་ཕོས་འཚེར་ས།
ཕོ་རྒྱུད་ཡེ་རིག་བཀྲ་ཞིང་མོ་སྨན་དྭངས་གཡེར་ཆེ་ས།
རྒན་རབས་ཆོས་ཀྱིས་ཕྱུག་ཅིང་གཞོན་པ་བློ་རྩེ་རྒོད་ས། 

ཧ་ཧ་ཧ་ཧ་ཧ་ཧ།
སྐྱོད་ཡ། སྐྱོད་ཡ། 
འདི་ནས་ལམ་ལ་ཆས་འགྲོ། 
ལོ་རྒྱུས་ཀྱི་ལམ་སྣེ་ནམ་ཡང་ཟད་པ་མེད། 
ཉི་ཟླ་ཡི་གྲོང་ཁྱེར་སུས་ཀྱང་འགྲིམ་པས་ཆོག
ལམ་དཀའ་བ་ཆེ་ཡང་ལམ་སྣེ་རྡོག་པའི་འོག
རྡོག་བྲོ་འགྲིག་པོ་རྒྱོབས་དང་། 
གཞས་གདངས་འགྲིག་པོ་ཐོངས་དང་། 
ཕྱི་འགྲིག་འགྲིག་གྲུ་བཞི་ཤོ་འདྲ་དགོས།
ནང་མཐུན་མཐུན་གོར་མོ་རྔ་འདྲ་དགོས། 

སྐྱོད་ཡ། མཉམ་དུ་སྐྱོད་ཡ།
འབུམ་པའི་ལྷ་རྒྱུད་དཀར་པོ། 
སང་ཉིན་གི་བསང་དུད་དང་པོ་གཏོང་མཁན། 
སྐྱོད་ཡ། མཉམ་དུ་སྐྱོད་ཡ།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息