创作翻唱 ཤེར་བསྟན། 谢旦 第80期 2018-02-20 创建 播放:43691

介绍: ༼པཎ་ཆེན་དྲན་གླུ།༽
ལེན་མཁན། ཤེར་བསྟན།
མུན་ནག་གི་ཀློང་ཆེན་བརྒྱུད་ནས། །
སྙིང་སྟོབས་ཀྱི་སྒྲོན་མེ་སྦར་ཏེ། །
ཡང་དར་གྱི་བསྟན་པའི་སྲོལ་འབྱེད། །
པཎ་ཆེན་ལགས་ཆོས་ཀྱི་རྒྱལ་མཚན། །
པཎ་ཆེན་ལགས་ཆོས་ཀྱི་རྒྱལ་མཚན། །

མི་རིགས་ཀྱི་ཡུལ་སྲོལ་བཟང་བོ། །
མི་ཉམས་པར་འཛིན་སྐྱོང་དགོས་ཞེས། །
མི་རིགས་ལ་དུས་ཀུན་འདོམས་པའི། །
པཎ་ཆེན་ལགས་སྣང་བ...

介绍: ༼པཎ་ཆེན་དྲན་གླུ།༽
ལེན་མཁན། ཤེར་བསྟན།
མུན་ནག་གི་ཀློང་ཆེན་བརྒྱུད་ནས། །
སྙིང་སྟོབས་ཀྱི་སྒྲོན་མེ་སྦར་ཏེ། །
ཡང་དར་གྱི་བསྟན་པའི་སྲོལ་འབྱེད། །
པཎ་ཆེན་ལགས་ཆོས་ཀྱི་རྒྱལ་མཚན། །
པཎ་ཆེན་ལགས་ཆོས་ཀྱི་རྒྱལ་མཚན། །

མི་རིགས་ཀྱི་ཡུལ་སྲོལ་བཟང་བོ། །
མི་ཉམས་པར་འཛིན་སྐྱོང་དགོས་ཞེས། །
མི་རིགས་ལ་དུས་ཀུན་འདོམས་པའི། །
པཎ་ཆེན་ལགས་སྣང་བ་མཐའ་ཡས། །
པཎ་ཆེན་ལགས་སྣང་བ་མཐའ་ཡས། །

བོད་རིགས་ཀྱི་སྐད་དང་ཡི་གེ །
བོད་མི་ཡིས་བེད་སྤྱོད་ཐོངས་ཞེས། །
བོད་ཡུལ་ལ་དུས་ཀུན་འདོམས་པའི། །
པཎ་ཆེན་ལགས་ཆོས་ཀྱི་རྒྱལ་མཚན། །
པཎ་ཆེན་ལགས་ཆོས་ཀྱི་རྒྱལ་མཚན། །

རང་རིགས་ཀྱི་བདེ་སྡུག་ཆེད་དུ། །
རང་ཉིད་ཀྱི་སྐུ་སྲོག་བཏང་ཡང་། །
རང་སེམས་ལ་འགྱོད་པ་མེད་པའི། །
པཎ་ཆེན་ལགས་སྣང་བ་མཐའ་ཡས། །
པཎ་ཆེན་ལགས་སྣང་བ་མཐའ་ཡས། །

རང་སེམས་ལ་སྨུག་ལོང་འཐིབས་ཀྱང་། །
མིག་ཟུང་ནས་སྦྲང་ཆར་འབྱུང་བཞིན། །
མགོན་ཁྱེད་ཀྱི་བཀའ་དྲིན་དྲན་པས། །
ཡིད་སྐྱོ་བའི་གླུ་ཆུང་འདི་ལེན། །
ཡིད་སྐྱོ་བའི་གླུ་ཆུང་འདི་ལེན། །

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息