介绍: རྨུ་ཐག་☞ཚེ་ནོར་
ད་དེང་སང་སྤྱི་ཚོགས་འདིའི་ནང་བརྩེ་དུང་དངོས་གནས་ག་ཚོད་ཡོད་རེད་
ཕར་ག་ཚོད་ཡག་པོ་བྱས་ནའི་ཧ་མི་གོ་ཡས་རྒྱུ་མཚན་གང་རེད་
མི་ཆུའི་ནང་དབྱུགས་མཁན་དེ་ཚོའི་སྐུབ་ལ་ལྕེ་ལྡག་མ་རྒྱབ་རྩིས་བྱས།
གཅིག་བྱས་ན་སེམས་དེ་སྐྱག་ལང་ཤོར་ཙང་སྙིང་རྗེའ་ཁག་ནི་ཁག་མེད་
མི་གཉིས་ཀྱི་བར་དུ་གསེལ་མ་ཐུབ་པའི་དཀའ་ངལ་ག་ཀེ་ཡོ་རས་
བསམ་ཤེས་བ...
介绍: རྨུ་ཐག་☞ཚེ་ནོར་
ད་དེང་སང་སྤྱི་ཚོགས་འདིའི་ནང་བརྩེ་དུང་དངོས་གནས་ག་ཚོད་ཡོད་རེད་
ཕར་ག་ཚོད་ཡག་པོ་བྱས་ནའི་ཧ་མི་གོ་ཡས་རྒྱུ་མཚན་གང་རེད་
མི་ཆུའི་ནང་དབྱུགས་མཁན་དེ་ཚོའི་སྐུབ་ལ་ལྕེ་ལྡག་མ་རྒྱབ་རྩིས་བྱས།
གཅིག་བྱས་ན་སེམས་དེ་སྐྱག་ལང་ཤོར་ཙང་སྙིང་རྗེའ་ཁག་ནི་ཁག་མེད་
མི་གཉིས་ཀྱི་བར་དུ་གསེལ་མ་ཐུབ་པའི་དཀའ་ངལ་ག་ཀེ་ཡོ་རས་
བསམ་ཤེས་བྱས་ ཡིད་ཆེད་བྱས་ བྱསད་ཡས་དེ་ཁག་པོ་དེ་འདྲ་འདུག་གས་
ནམ་ཉིན་མཚན་མེད་པར་དོགས་པས་ཁེངས་བྱས་དེ་འདྲ་ཆོ་འདུག་གམ་
ཨ་གསར་ཡོལ་མཉམ་དུ་བསྡད་འདོད་མེད་ན་ལབ་ན་ད་ག་མ་རེད་པས་
ཆོ་མེད་པའི་རླུང་གཅིག་ལངས་དུས་ོ་མེད་པའི་ལས་ཀ་གཅིག་བྱས་
བྱས་ཚར་བྱས་ངོ་མ་ཚ་བའི་ལས་ཀ་བྱས་ནའི་ངོ་ཚ་ཡས་མེད་
ལོ་བཅུ་བརྒྱད་ཟིན་ནའི་ད་དུང་ཕ་མར་རླུང་བསྟན་སེམས་ཁྲལ་བཟོས་བྱས་
ཕྱི་རྒྱལ་གྱི་སློབ་སྦྱོང་མེད་པའི་སྤྲང་པོའི་བྱེད་སྟངས་དེ་རང་གི་ཤེས་ཚད་
རང་གི་བསམ་པར་དེ་འདྲ་བྱས་ན་མ་སྐྱིད་པ་ཚང་མ་བརླག་གི་རེད་བསམ་བྱུང་ངས་
ངས་རང་ལ་ཞུ་བ་འཐེན་ངུས་བྱས་ང་རས་ནོར་ཞག་ཟེར་གྱི་རེད་བསམ་གྱི་འདུག་གས་
མ་གཞི་རེད་། རང་བུ་མང་པོ་མཉམ་དུ་མཉལ་ཙང་ང་གལ་མ་རེད་
རང་ཨ་མས་བཤད་པ་དང་ཆ་རེད་། ལུང་པར་བུ་རྫོགས་བསྡད་ཡོད་མ་དེད་།
ཕྱིན་ཚར་པའི་གནས་ཚུལ་ལ་ལྟག་ལོག་བརྒྱབ་སྙིང་འདྲོ་ཡི་མིན་འདུག་
མིའི་དཀྱིལ་ལ་ཞབས་འདྲེན་ཞུས་པ་དེ་ཚོ་བརྫེད་རོགས་བྱས་ན་བསམ་གྱི་འདུག་
མི་མེད་སའི་ས་ཆ་གཅིག་ལ་འཚོ་བ་བསྐྱལ་བྱས་བསྡད་དགོས་བསམ་གྱི་འདུག་
ཡིན་ནའི་ལའི་ཐོད་པའི་སྒང་བཀོད་ཙང་ང་རང་ཐབས་ཤེས་མིན་འདུག་
འགྱོད་པ་མེད་ ངས་རང་དང་མཉམ་དུ་བསྡད་པའི་དུས་ཚོད་
ལོ་ཕྱེད་ནང་དགའ་སའི་མི་ཡི་སེམས་ལ་བཅུག་པའི་སྡུག་ངལ་ཤེས་བྱུང་
ངས་ང་རང་མའི་དཀྱིལ་ལ་གདོང་བསྟན་མི་ཐུབ་པའི་ཞབས་འདྲེན་ཞུས་སོང་
སྲོང་ཡིད་ཀྱི་མིང་དེ་མི་མང་ཆེ་བས་མཐོང་ཆུང་བྱེད་ས་གཅིག་ཆགས་སོང་
ཡིན་ནའི་ཁྱད་པར་མིན་འདུག་ དེ་ང་རེང་བཙོས་པའི་ཆང་རེད་
སྐྱུར་དྲགས་བྱས་ཡ་མ་སྦིར་ནའི་སྡུག་རུས་བྱས་ནས་ཁོག་པའི་ནང་བཏང་གིས་
མིག་བདུན་གྱི་འཚོ་བའི་ལམ་དེ་མ་གཏོགས་གཞན་དག་འདེམས་ཡས་མིན་འདུག་
བརྩེ་དུང་གི་ལམ་དེས་ད་ང་ཡིད་ཐང་ཆད་པ་ཆག་དུས་
སྐབས་མདུན་དའི་ད་དུང་ལས་རང་ལ་སྐད་ཆ་ཁ་ཤས་ཞིག་ལབ་ཡས་ཡིན་ད་
ཁ་བྲལ་ཚར་ཙང་ད་ལྟ་ཕན་ཚུན་ཐུག་གི་ཡོད་མེད་ཧ་གོ་གི་མེད་ཙང་
སེམསནང་ལ་ད་དུང་ཉར་བྱས་བསྡད་ན་སྨན་ཁང་ལ་མགྱོགས་པོ་ལས་པྭ་
དེ་སོང་ཙང་བྱས་ཙང་གཞས་དེ་རྒྱུས་བྱས་རང་གི་གོ་ན་དགའ་པྭ་
གལ་སྲིད་ཕུགས་ལ་ཡ་རང་ལ་ཡག་པོ་བྱེད་མཁན་ཞིག་རགས་པ་ཡིན་ན་
མི་དེ་དང་མཉམ་དུ་འཚོ་བ་ཡག་པོ་བྱས་བསྐྱལ་ལྭ་
ད་སྔོན་མ་ནང་བཞིན་བྱས་ཐུག་ཚད་ཚང་མ་དང་མཉམ་དུ་མ་བསྡད་ལྭ་།
རྒྱབ་ལ་ཡ་ལས་རྒྱུ་འབྲས་དང་བྲལ་བའི་ལས་ཀ་དེ་འདྲས་ད་མ་བྱིད་ལྭ་
སློབ་སྦྱོང་གཅིག་ཡག་པོ་བྱས་ནས་མི་ཚེའི་ཐོག་ལ་བསམ་བློ་ཏོག་ཙམ་གཏོང་
འཇོན་ཐང་མེད་ ཁྱོ་གའི་ལག་པ་གཟེད་བྱས་བསྡད་ན་མཐོང་མེད་པ་ཆགས་ཀྱི་རེད་
རང་རྒྱབ་ལ་རྫོགས་ཡས་མེད་པའི་ཀྲོག་གཏམ་བཟོས་མཁན་གྱིས་ཁེངས་བྱས་བསྡད་ཀྱི་རེད་
རོགས་པ་ཡིན་ཟེར་མཁན་དེ་ཚོས་ལས་རང་ལ་བལྟས་བྱས་མཐོང་ཆུང་བྱེད་ཀྱི་རེད་
དེ་དུས་འགྱོད་པ་སྐྱེད་དུས་ རང་ལ་ག་གའི་མེད་པའི་དུས་དེར་
གཞི་ནས་བསམ་བློ་འཁོར་དུས་འགྱོད་པ་བསྐྱེད་པས་མ་ཚད་མེས་པས་
རང་ལ་སེམས་གཙང་མ་བྱས་སློབ་གསོ་བརྒྱབ་མཁན་དེ་གས་དེ་དྲན་གྱི་རེད་
སེམས་ནང་ལ་དཀའ་ངལ་རྫོགས་ཡས་མེད་པ་ཡོང་ནས་ཤི་ཡྭ་འདི་དྲན་གྱི་རེད་
ཨོ་ཙོ་ཨ་ ངས་བཤད་ཡ་ཏོག་ཙམ་ཐལ་བའི་བཟོ་ཞིག་
ངས་བཤད་པ་དེ་ཚོ་རང་གིས་ཡིན་ཅིག་མིན་ཅིག་ཉན་དགོས་མ་རེད་
རང་གི་འཚོ་བ་རང་གི་ལག་ན་ཡོད་རེད་ ། ང་ཡྭ་ཇུས་ཏོག་ཡོད་མ་རེད་
ད་དེ་མས་རང་གི་མ་འོངས་པའི་བདུན་ལམ་ཡག་པོ་ཡོང་བའི་སྨོན་འདུན་ཡོད་དྭ།།།
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息