《མཛོད་དགེ་དབང་བསྟོད། 》科才华旦 贡去才旦

创作翻唱 栖臧の天空 第122期 2023-09-10 创建 播放:15017

介绍: 佐盖七世贡唐仓时轮法会

མཛོད་དགེ་དབང་བསྟོད།  
ཚིག     ཁྲི་ལུང་རྟོགས།
དབྱངས་ལྷ་ལས།  
རྡུང་ལེན་མཁན།  ཁོ་ཚེ་དཔལ་ལྡན། དཀོན་མཆོག་ཚེ་བརྟན།

ས་སྐྱིད་པོ་མཛོད་དགེ་སྨན་ལྗོངས་འདི།།
ལྷ་བསྟན་པའི་སྒྲོན་མེ་འཁྲུངས་བའི་ས།།
དུས་ད་ཡང་འཇམ་དཔལ་མི་ཡི་གཟུགས།།
རྗེ་གུང་ཐང་བདུན་པ་གནས་འདིར་འཁྲུངས།།
ས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
སྡེ་འདི་ཚ...

介绍: 佐盖七世贡唐仓时轮法会

མཛོད་དགེ་དབང་བསྟོད།  
ཚིག     ཁྲི་ལུང་རྟོགས།
དབྱངས་ལྷ་ལས།  
རྡུང་ལེན་མཁན།  ཁོ་ཚེ་དཔལ་ལྡན། དཀོན་མཆོག་ཚེ་བརྟན།

ས་སྐྱིད་པོ་མཛོད་དགེ་སྨན་ལྗོངས་འདི།།
ལྷ་བསྟན་པའི་སྒྲོན་མེ་འཁྲུངས་བའི་ས།།
དུས་ད་ཡང་འཇམ་དཔལ་མི་ཡི་གཟུགས།།
རྗེ་གུང་ཐང་བདུན་པ་གནས་འདིར་འཁྲུངས།།
ས་འདི་ཡི་ངོ་སོ་ཡར་ལ་བསྟོད།།
སྡེ་འདི་ཚོ་ལྷ་དང་བླ་མས་སྐྱོབས།།
རྗེ་བླ་མ་དགུང་གི་ཉི་མ་རེད།།
གདུགས་རྟ་དར་བར་སྣང་སྤྲིན་པ་རེད།།
ནང་དད་འབངས་ས་ཡི་རྩི་གྲངས་རེད།།
སྒར་ཁྲ་མོ་ནམ་མཁའི་སྐར་ཚོགས་རེད།།
ཡུལ་འདི་སོ་དཀར་པོ་འོ་མས་མཆོད།།
གནས་འདི་སོ་སྙན་མོ་གླུ་ཡིས་བསྟོད།།
ཡུལ་མཛོད་དགེ་ལྷ་སྡེ་ཤོག་ཁ་ལྔ།།
ཁྱོོའི་བཀའ་དྲིན་གསེར་གྱི་རི་ལས་བརྗིད།།
ཕ་བླ་མའི་ཟབ་ཆོས་སྨིན་བྱེད་དབང་།།
ཚེ་བསྐལ་བ་མང་པོ་རྙེད་པར་དཀའ།།
ལྷ་དཀར་ཕྱོགས་དབུ་འཕང་དགུང་ལ་སྙེགས།།
ཆོས་དཀར་པོའི་བསྟན་པས་ས་སྟེང་ཁྱབ།།
ཕྱོགས་ཀུན་ནས་ཕེབས་པའི་དད་ལྡན་ཚོགས།།
སྙིང་དམར་པོའི་དཀྱིལ་ནས་གསོལ་བ་ཐོབས།།
ཕ་བླ་མ་རིགས་ལྡན་དྲག་པོའི་སྲས།།
བྱང་ཤམ་བྷ་ལ་ཡི་ལམ་མཁན་ཡིན།།
རྗེ་བླ་མའི་ཐུགས་སྐྱེད་མཁའ་ལས་ཡངས།།
ལས་སྨོན་ལམ་གཙང་མ་མཐུ་རེ་ཆེ།།
ཕ་བླ་མ་དུས་ཀྱི་འཁོར་ལོ་དངོས།།
ནང་བུ་སློབ་དད་དམ་ཤེལ་བཞིན་གཙང་།།
དུས་དེ་རིང་བུ་དང་ཕ་ཡི་འབྲེལ།།
ལས་སྨོན་ལམ་རྟེན་འབྲེལ་བསམ་མི་ཁྱབ།།ནང་བུ་སློབ་བྱིན་རླབས་བདུད་རྩིས་བཟི།།
ཕྱོགས་ཐམས་བཅད་བཀྲ་ཤིས་མཚན་མས་གང་།།
སྐྱེ་འདི་ནས་ཚེ་རབས་ཕྲེང་བ་རུ།།
རྗེ་ཀུན་མཁྱེན་ཡབ་སྲས་མི་འབྲལ་བར།།
དུས་མ་འོངས་ཆ་བསགས་གྲོང་ཁྱེར་ནས།།
མཉམ་གཅིག་དུ་སྐྱེས་བའི་སྨོན་ལམ་འདེབས།།
སྔོན་སྨོན་ལམ་བཙན་པོས་མཐུན་རྐྱེན་སྦྱར།།
དུས་ད་དུང་བླ་མའི་ཐུགས་རྗེ་གཟིགས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息