介绍: 歌词
ཆུང་ཆུང་ཆུང་ནས་འཚར་ལོངས་བྱུང་ས།,
ཕ་ཡུལ་ནག་ཆུ་ཁ།,
གཞོན་ནུའི་གཞོན་ནུའི་ལང་ཚོ་རྒྱས་ས།,
ཕ་ཡུལ་ནག་ཆུ་ཁ།,
སྟག་ཤར་གཡས་ནས་ང་རྫིག་ཁོ་རྫིག,
དམན་ཆུང་གཡོན་ནས་ང་མཛེས་ཁོ་མཛེས།,
ཨ་ལ་མདོ་བའི་བང་རྩལ་འགྲན་ས།,
ཐ་ལ་གེ་སར་སྒྲུང་གཏམ་དར་ས།,
ཨ་ལ་ལ་མོ་ཨ་ལ་ལེན་ཁོ་རེ།,
ཐ་ལ་ལ་མོ་ལེན་ནས་འགྲོ་དགོས་རེད།,
གླུ་ཨ་ལ་ལེན་བཞིན་ནག་...
介绍: 歌词
ཆུང་ཆུང་ཆུང་ནས་འཚར་ལོངས་བྱུང་ས།,
ཕ་ཡུལ་ནག་ཆུ་ཁ།,
གཞོན་ནུའི་གཞོན་ནུའི་ལང་ཚོ་རྒྱས་ས།,
ཕ་ཡུལ་ནག་ཆུ་ཁ།,
སྟག་ཤར་གཡས་ནས་ང་རྫིག་ཁོ་རྫིག,
དམན་ཆུང་གཡོན་ནས་ང་མཛེས་ཁོ་མཛེས།,
ཨ་ལ་མདོ་བའི་བང་རྩལ་འགྲན་ས།,
ཐ་ལ་གེ་སར་སྒྲུང་གཏམ་དར་ས།,
ཨ་ལ་ལ་མོ་ཨ་ལ་ལེན་ཁོ་རེ།,
ཐ་ལ་ལ་མོ་ལེན་ནས་འགྲོ་དགོས་རེད།,
གླུ་ཨ་ལ་ལེན་བཞིན་ནག་ཆུ་ཁ་ལ་འགྲོ།,
གླུ་ཨ་ལ་ཨ་ལ་ཨ་ལ་རེད།,
མ་ཐ་ལ་ངག་གིས་འགུག་ལུགས་རེད།,
ཡང་ས་འདི་ས་ངོ་མ་ཤེས་ན།,
སོག་གཡག་ལ་བསེ་བོའི་ལ་རྩེ་རེད།,
བུ་དབང་ཐང་ཅན་གྱི་རྒྱབ་རི་རེད།,
བསང་རླུང་རྟ་མཆོད་ན་འདི་ནས་མཆོད།,
དུས་དེ་རིང་བུ་ལ་ལྡོང་གྲོགས་མཛོད།,
ཕ་ཨ་མྱེའི་གླིང་སྒྲུང་ཉན་ཉན་ཉིན་སྒྲུང་གཞན་ཉན་ན་ཉན་འདོད་མི་གདའ།,
བྱང་འབྲོག་པའི་དམངས་གླུ་བླངས་བླངས་ཉིན་གླུ་གཞན་ལེན་ན་ལེན་འདོད་མི་གདའ།,
བྱང་འབྲོག་པའི་སྒོར་བྲོ་འཁྲབ་འཁྲབ་ཉིན་བྲོ་གཞན་འཁྲབ་ན་འཁྲབ་འདོད་མི་གདའ།,
ཕ་འབྲོག་པའི་འབྲོག་ཟས་ཟོས་ཟོས་ཉིན་ཟས་གཞན་ཟོས་ན་ཟ་འདོད་མི་གདའ།,
ལྟོས་དང་ཁོར་ཁེད་ནག་ཆུ་ཁ་ལ།,
རྩྭ་ཐང་གཡུ་ཡི་མེ་ལོང་སྟེང་ལ་མེ་ཏོག་མགོ་ལྕོག་ལྡེམ་ལྡེམ།,
ལྗག་མས་གཤི་ལུ་སངས་སངས།,
མདོ་བ་རྟ་ཕོའི་གོམ་ལག་དེ་ཚོ་ས་ལ་མ་ཐུག་ལྡེམ་ལྡེམ།,
གནམ་ལ་མ་ཐུག་ཁྲིག་ཁྲིག,
སྟག་ཤར་གཞོན་ནུའི་ཀི་སྒྲ་དེ་ཚོ་ཨ་སྔོན་གནམ་ཡང་བསང་བསང་།,
དོག་མོ་ས་ཡང་ཡོམ་ཡོམ།,
དམན་ཆུང་བུ་མོའི་སྐྲ་ལོ་དེ་ཚོ་ལུས་ལ་མ་ཐུག་ཤམ་ཤམ།,
ས་ལ་མ་ཐུག་ཁྲིག་ཁྲིག,
ལྡེམ་ལྡེམ་གར་གྱི་སྟངས་སྟབས་མཛེས་ས།,
སྐྱིད་པའི་ནག་ཆུ་ཁ།,
སྙན་སྙན་དམངས་གླུའི་བྲོ་བ་སྙན་ས།,
དགའ་བའི་ནག་ཆུ་ཁ།,
ཕོ་གསར་གཡས་ནས་ལ་གཞས་ལེན་ས།,
མོ་གསར་གཡོན་ནས་བྲོ་གར་ལྡེམ་ལྡེམ།,
ཨ་ལ་འབྲོག་གླུ་རྣ་བར་སྙན་ས།,
ཐ་ལ་གར་གྱི་སྟངས་སྟབས་མཛེས་ས།,
ཨ་ལ་ལ་མོ་ཨ་ལ་ལེན་ཁོ་རེ།,
ཐ་ལ་ལ་མོ་ལེན་ནས་འགྲོ་དགོས་རེད།,
གླུ་ཨ་ལ་ལེན་ཞིག་ལོ་ཆུང་མཉམ་དུ་འགྲོ།,
དགའ་མོ་རེད་ཡ།,
ས་ཆ་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།,
དགའ་ཡ་ལ་དགའ་མོ་རེད།,
སྐྱིད་ཡ་ལ་ན་སྐྱིད་པོ་རེད།,
སྐྱིད་པོ་རེད་ཡ།,
ས་ཆ་སྐྱིད་པོ་རང་ཡུལ་ལུང་པ་རེད།,
དགའ་ཡ་ལ་དགའ་མོ་རེད།,
སྐྱིད་ཡ་ལ་སྐྱིད་པོ་རེད།,
རེད་ལ་སེ།,
སྐྱིད་ཡ་ལ་སྐྱིད་པོ་རེད།,
སྟག་ཤར་གཞོན་ནུ་ཉོབ་ནས་མ་འདུག་དགྲ་ཀི་ལན་གཅིག་རྒྱོབ་ཤོག,
ཀི་ཧེ་ཧེ་་་,
དམན་ཆུང་བུ་མོ་ཉོབ་ནས་མ་སྡོད་རྡོག་བྲོ་ལན་གསུམ་རྒྱོབ་ཤོག,
འུ་འུ་་་་་,
སྟག་ཤར་གཡས་ནས་ང་རྫིག་ཁོ་རྫིག,
དམན་ཆུང་གཡོན་ནས་ང་མཛེས་ཁོ་མཛེས།,
ཨ་ལ་སྟག་ཤར་དབུ་འཕང་མཐོ་ས།,
ཐ་ལ་དམན་ཆུང་སྐྱེས་གཟུགས་མཛེས་ས།,
ཨ་ལ་ལ་མོ་ཨ་ལ་ལེན་ཁོ་རེ།,
ཐ་ལ་ལ་མོ་ལེན་ནས་འགྲོ་རེད།,
གླུ་ཨ་ལ་ལེན་བཞིན་ང་ཚོ་མཉམ་དུ་འགྲོ།。
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息