2023谢旦&罗萨&班措&美朵拉毛合唱《一园芬芳》

创作翻唱 多尔桑歌舞电台 第501期 2023-07-06 创建 播放:32351

介绍: སྐྱེད་ཚལ་གཅིག་གི་མེ་ཏོག་ཚོམ་བུ།

(སློབ་གཞས།)

ཚིག འཇུ་སྐལ་བཟང་།

དབྱངས། བློ་གསལ།

ལེན་མཁན། ཤེར་བསྟན། བློ་གསལ། པད་མཚོ། མེ་ཏོག་ལྷ་མོ།

བརྡ་ཁྱབ་ཇུས་འགོད། བསོད་ནམས་བསྟན་དགའ།



སྨར་རོལ་གཡུ་ལྗོངས་ཕྱུག་མོ་འདི།

སྐྱེས་ཆེན་གསེར་རིའི་ཕྲེང་བ་འཁྲུངས་ས་རེད།

ང་ཚོ་གཞོན་ལུས་ལྗོན་པ་གཉོམ་ཡང་།

བཏུང་བྱ་བདུད་རྩི...

介绍: སྐྱེད་ཚལ་གཅིག་གི་མེ་ཏོག་ཚོམ་བུ།

(སློབ་གཞས།)

ཚིག འཇུ་སྐལ་བཟང་།

དབྱངས། བློ་གསལ།

ལེན་མཁན། ཤེར་བསྟན། བློ་གསལ། པད་མཚོ། མེ་ཏོག་ལྷ་མོ།

བརྡ་ཁྱབ་ཇུས་འགོད། བསོད་ནམས་བསྟན་དགའ།



སྨར་རོལ་གཡུ་ལྗོངས་ཕྱུག་མོ་འདི།

སྐྱེས་ཆེན་གསེར་རིའི་ཕྲེང་བ་འཁྲུངས་ས་རེད།

ང་ཚོ་གཞོན་ལུས་ལྗོན་པ་གཉོམ་ཡང་།

བཏུང་བྱ་བདུད་རྩིའི་ཆུ་རྒྱུན་གཅིག་པ་ཡིན།

ནགས་སྤང་མཚམས་ཀྱི་མེ་ཏོག །

ཨ་མ་ཀླུ་ལྕམ་མཛེས་མའི་དབུ་རྒྱན་རེད། །

ང་ཚོ་ལང་ཚོའི་མྱུ་གུ་ཕྲ་ཡང་། །

ཐོད་ཆིངས་སྐྲ་ལོའི་མེ་ཏོག་གཅིག་པ་ཡིན། །

བཞོན་བྱིའུ་མགོ་མའི་གྲེ་འགྱུར།

དབྱངས་གསལ་ཡི་གེའི་འདོན་དབྱངས།

ང་ཚོ་སློབ་རའི་མཉམ་སྒྲོག་རོལ་མོ་དང་པོ།

དགེ་རྒན་མཁྱེན་བརྩེའི་འོད་སྣང་།

འཆད་ཁྲིའི་ཡང་སྟེང་གི་རིག་པའི་སྒྲོན་མེ།

སློབ་གྲོགས་ལས་མཐུན་ལག་སྦྲེལ།

སྐྱེད་ཚལ་ཁྱོན་གཅིག་གི་མེ་ཏོག་ཚོམ་བུ།

ཨ་ཧོ་ཡེ།

འདོད་འཇོ་གསེར་གྱི་ཁང་ཆུང་ཟེར་བ།

ཤེས་རབ་རི་རྩེར་ཕུབ་ཡོད།

ཤེས་རབ་རྩལ་ཁ་འབྱེད་པའི་ལྡེ་མིག

ཨེ་མ་དེ་རིང་ལག་ཏུ་ཐོགས་ཡོད།

སློབ་ར་སྐྱིད་ཀྱང་སྐྱིད་མོད།

རང་འོད་རང་སྟེང་ནས་ཅིས་ཀྱང་འབྱིན་དགོས།

སྐྱོད་དགོས་རྒྱང་རིང་ལམ་དུ་སྐྱོད་དགོས།

སྲིད་པའི་སྒང་གཤོང་མཐོང་ན། །

སྤྲིན་མཐུག་པ་རི་བོའི་དཔུང་རྒྱན་ཡིན། །

རི་བོའི་དཔུང་རྒྱན་ཡིན། །



སྨར་རོལ་གཡུ་ལྗོངས་ཕྱུག་མོ་འདི།

སྐྱེས་ཆེན་གསེར་རིའི་ཕྲེང་བ་འཁྲུངས་ས་རེད།

ང་ཚོ་གཞོན་ལུས་ལྗོན་པ་གཉོམ་ཡང་།

བཏུང་བྱ་བདུད་རྩིའི་ཆུ་རྒྱུན་གཅིག་པ་ཡིན།

ནགས་སྤང་མཚམས་ཀྱི་མེ་ཏོག །

ཨ་མ་ཀླུ་ལྕམ་མཛེས་མའི་དབུ་རྒྱན་རེད། །

ང་ཚོ་ལང་ཚོའི་མྱུ་གུ་ཕྲ་ཡང་། །

ཐོད་ཆིངས་སྐྲ་ལོའི་མེ་ཏོག་གཅིག་པ་ཡིན། །

ཞོགས་པའི་མེ་ཏོག་གྲོལ་དུས།

རིག་པའི་ཟིལ་མངར་གཞིབ་པ།

ང་ཚོ་སློབ་བུའི་བདེ་སྐྱིད་སྐལ་བ་དང་པོ།

ཁྲིད་སྦྱང་རྣོ་སོ་འབྱིན་དགོས།

ངེས་ཤེས་མོས་སྙེག་འདི་དེ་བས་གནད་ཆེ།

རིག་པས་རུམ་ཁ་གང་དགོས།

ཚུལ་ལྡན་མི་གཞི་འདི་དེ་བས་འགངས་ཆེ།

ཨ་ཧོ་ཡེ།

འདུན་པའི་བང་རིམ་བརྒྱད་ཅུ་ཟེར་བ། །

རྨི་ལམ་གཤོག་པས་མི་ཆོད། །

བརྩོན་འགྲུས་ཐང་ལྷོད་མེད་པ་དགོས་ན། །

ལམ་སྣེ་རྡོག་པའི་འོག་ཏུ་ནོན་དགོས། །

བླ་རི་བཙན་པོའི་གསང་ཚིག

ལྗགས་ལ་རང་བྱོན་གྱི་ཐ་ཚིག་གཉན་པོ།

སྙེག་དགོས་སྲིད་པའི་མཐོ་ཚད་སྙེག་དགོས།

རང་གདང་རང་ལ་ཁེལ་ན།

རླུང་ཆེ་བ་རྒོད་པོའི་རྩེ་ཡ་ཡིན།

རྒོད་པོའི་རྩེ་ཡ་ཡིན།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息