2022年 欧智卓玛最新单曲-内心的呼唤

创作翻唱 格桑伦珠贴吧 第109期 2022-12-03 创建 播放:59113

介绍: སེམས་ཁོང་གི་འབོད་སྐུལ།

ཚིག  རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། 

དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་། 

གཞས་མ། དངོས་གྲུབ་སྒྲོལ་མ།

འཛམ་གླིང་ཡང་རྩེར་ཆགས་པའི།།

མི་ཡུལ་དག་པའི་ཞིང་ཁམས།།

ཁྱེད་ཀྱི་ཕྱི་ནང་སྣོད་བཅུད།།

གཏན་དུ་གཙང་མར་གནས་དགོས།།  

ནམ་མཁའ་སྔོ་བསངས་དྭངས་པ།།

བྱང་ཁོག་སྟོད་ཀྱི་དཔེ་རེད།།

དེ་ལ་དུག་རླངས་རྐྱེན་གྱི...

介绍: སེམས་ཁོང་གི་འབོད་སྐུལ།

ཚིག  རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། 

དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་། 

གཞས་མ། དངོས་གྲུབ་སྒྲོལ་མ།

འཛམ་གླིང་ཡང་རྩེར་ཆགས་པའི།།

མི་ཡུལ་དག་པའི་ཞིང་ཁམས།།

ཁྱེད་ཀྱི་ཕྱི་ནང་སྣོད་བཅུད།།

གཏན་དུ་གཙང་མར་གནས་དགོས།།  

ནམ་མཁའ་སྔོ་བསངས་དྭངས་པ།།

བྱང་ཁོག་སྟོད་ཀྱི་དཔེ་རེད།།

དེ་ལ་དུག་རླངས་རྐྱེན་གྱིས།།

བསླད་པ་མེད་པ་གནང་རོགས།།

ཨེ་ཛི་དང་གློ་གཅོང་། མཆིན་ནད་དང་ཐུམ་འབུ། རྩད་ནས་འགོག་ཐབས་ལ་རེམས།

སྤྲིན་པ་དཀར་ཞིང་དྭངས་པ།།

སེམས་ཁམས་གཙང་མའི་དཔེ་རེད།།

དེ་ལ་ཕྱི་ནང་གྲིབ་ཀྱིས།།

འབག་བཙོག་མེད་པ་གནང་རོགས།།

གཙང་ཞིང་དག་པའི་རི་ལྗོངས།།

དོན་ལྔ་སྣོད་དྲུག་དཔེ་རེད།།

དེ་ལ་འགོ་བའི་རིམས་ཀྱིས།།

ཕོག་ཐུག་མེད་པ་གནང་རོགས།།

ཨེ་ཛི་དང་གློ་གཅོང་། མཆིན་ནད་དང་ཐུམ་འབུ། རྩད་ནས་འགོག་ཐབས་ལ་རེམས།

གངས་ཆབ་སིལ་མའི་ཀླུང་རྒྱུན།།

ཟུངས་ཁྲག་དྭངས་མའི་དཔེ་རེད།།

དེ་ལ་དུས་ནད་སྣ་དགུས།།

རྙོག་པ་མེད་པ་གནང་རོགས།།

འཕྲོད་བཞེས་འཕྲོད་བཞེས་ཟེར་བའི།།

ཁ་གཡང་བསྒྲགས་པས་ཅི་བྱ།།

སོ་སོས་འཚོ་བའི་ཁྲོད་ནས།། 

ལག་ལེན་དངོས་བསྟར་གནང་རོགས།།

ཨེ་ཛི་དང་གློ་གཅོང་། མཆིན་ནད་དང་ཐུམ་འབུ། རྩད་ནས་འགོག་ཐབས་ལ་རེམས།

མི་རབས་ཕྱི་མའི་ཆེད་དུ།། 

ང་ཚོའི་ལག་གདང་སྦྲེལ་ནས།།

མ་འོངས་བདེ་ཐང་གངས་རིའི།།

རྨི་ལམ་མངོན་དུ་འགྱུར་དགོས།།

ཨེ་ཛི་དང་གློ་གཅོང་། མཆིན་ནད་དང་ཐུམ་འབུ། རྩད་ནས་འགོག་ཐབས་ལ་རེམས།

གཙོ་སྒྲིག་པ། ཧོར་བྲག་སྲས།

དོ་དམ་པ། སྣང་བ་སྐྱིད་པོ་།

འགན་འཁུར་བ། སྣང་བ་སྐྱིད་པོ་།

ཇུས་འགོད་པ། སྣང་བ་སྐྱིད་པོ་།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息