《དཔལ་ས་ར་ཧ་པ།》

创作翻唱 Tibet藏印 第314期 2022-03-28 创建 播放:29146

介绍: དཔལ་ས་ར་ཧ་པ།
ཚིག ལྡོ་ཁྲི་བཙན།
དབྱངས། ཁ་བ་དོན་འགྲུབ།
ལེན་མཁན། པད་མཚོ།

དཔ༵ལ་ལྡན་གངས་རིའི་མུ་ཁྱུད།།

ས༵་འཛིན་ཚངས་པའི་སྐུ་མཆེད།།

ར༵་ས་འཕྲུལ་གྱི་གདུང་རྒྱུད།།

ཧ༵་ཅང་དབྱངས་ཀྱིས་བསྔགས་འོས།།

པ༵་སངས་མདངས་ཀྱིས་བསྟོད་འོས།།

ས་ར་ཧ་པ་མཁྱེན་ནོ།།

རིག་འཛིན་དཔ༵ལ་གྱི་དབང་ཕྱུག།

གཏན་བདེའི་ས༵་བོན་བསྐྲུན་མི།།

གསང་ཆེན་...

介绍: དཔལ་ས་ར་ཧ་པ།
ཚིག ལྡོ་ཁྲི་བཙན།
དབྱངས། ཁ་བ་དོན་འགྲུབ།
ལེན་མཁན། པད་མཚོ།

དཔ༵ལ་ལྡན་གངས་རིའི་མུ་ཁྱུད།།

ས༵་འཛིན་ཚངས་པའི་སྐུ་མཆེད།།

ར༵་ས་འཕྲུལ་གྱི་གདུང་རྒྱུད།།

ཧ༵་ཅང་དབྱངས་ཀྱིས་བསྔགས་འོས།།

པ༵་སངས་མདངས་ཀྱིས་བསྟོད་འོས།།

ས་ར་ཧ་པ་མཁྱེན་ནོ།།

རིག་འཛིན་དཔ༵ལ་གྱི་དབང་ཕྱུག།

གཏན་བདེའི་ས༵་བོན་བསྐྲུན་མི།།

གསང་ཆེན་ར༵་འཕྲོད་སྙིང་པོ།།

འགྲོ་ལ་ཧ༵་ཅང་བྱམས་པ།།

སྐུ་ཆེན་རྟོགས་པ༵་མཆོག་ལྡན།།

ས་ར་ཧ་པ་མཁྱེན་ནོ།།

དམ་གཙང་བདུད་རྩིའི་ཆོས་དཔ༵ལ།།

ཉམ་ཆུང་བྲང་ཁོག་གླན་ས༵།།

ཀློང་ཆེན་བསྟན་འགྲོའི་ཁོ་ར༵།།

ཉམས་མགུར་མཁས་པའི་དོ་ཧ༵།།

ཡོངས་རྫོགས་རྒྱུད་པའི་བསྟན་པ༵།།

ས་ར་ཧ་པ་མཁྱེན་ནོ།།

བརྡ་ཚིག་སྤྲིན་གྱི་མེ་ཏོག །

འཁྲུལ་མེད་ལུང་གིས་བསྔགས་ཤིང།།

གཞན་ཕན་གསེར་གྱི་ཡང་ཞུན།།

འགྲོ་ལ་དངོས་སུ་སྩལ་བ།།

དཔལ་ལྡན་ས་ར་ཧ་པའི།།

སྐུ་གསུམ་རང་སྒྲ་མཁྱེན་ནོ།།

བསྙེན་སྒྲུབ་ལས་གྱི་དཔའ་བོ།།

འཁྲུལ་ཞིག་རྡོ་རྗེའི་གསང་བ།།

ལུང་རྟོགས་བསྟན་པའི་སྲོག་འཛིན།།

ཕྱག་རྒྱའི་རིག་འཛིན་ཆེན་མོ།།

ས་ར་ཧ་པ་མཁྱེན་ནོ།།

མཛད་འཕྲིན་ཉི་ཟླ་མཁྱེན་ནོ།།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息