多吉仁青 方向

创作翻唱 车载藏歌精选音乐 第39期 2022-01-17 创建 播放:67156

介绍: ཕྱོགས་དེར།

ཚིག བོད་ལྕེ།

དབྱངས ནོར་བུ།

གཞས་པ། རྡོ་རྗེ་རིན་ཆེན།

བྱ་ཁུ་བྱུག་འཕུར་སའི་ཕྱོགས་མཚམས་ལ།།

ཐུགས་བྱམས་བརྩེས་ཁེངས་པའི་བླ་མ་བཞུགས།།

སེམས་དེ་ལ་འཁོར་ནས་ཕྱག་གསུམ་འཚལ།།

ཞལ་མྱུར་མཇལ་ཡོང་བའི་གསོལ་འདེབས་ཡིན།།

དགུང་ཉི་མ་བཞུད་སའི་ཕྱོགས་མཚམས་ན།།

ལུས་ལང་ཚོ་གནང་བའི་ཕ་མ་ཡོད།།

ཕྱོགས་དེ་ལ་གཏད་དེ་འཕྲིན་ཞིག་ཕུལ།།...

介绍: ཕྱོགས་དེར།

ཚིག བོད་ལྕེ།

དབྱངས ནོར་བུ།

གཞས་པ། རྡོ་རྗེ་རིན་ཆེན།

བྱ་ཁུ་བྱུག་འཕུར་སའི་ཕྱོགས་མཚམས་ལ།།

ཐུགས་བྱམས་བརྩེས་ཁེངས་པའི་བླ་མ་བཞུགས།།

སེམས་དེ་ལ་འཁོར་ནས་ཕྱག་གསུམ་འཚལ།།

ཞལ་མྱུར་མཇལ་ཡོང་བའི་གསོལ་འདེབས་ཡིན།།

དགུང་ཉི་མ་བཞུད་སའི་ཕྱོགས་མཚམས་ན།།

ལུས་ལང་ཚོ་གནང་བའི་ཕ་མ་ཡོད།།

ཕྱོགས་དེ་ལ་གཏད་དེ་འཕྲིན་ཞིག་ཕུལ།།

སྐུ་གཟུགས་གཞི་བདེ་བའི་སེམས་གསོ་ཡིན།།

སྤྲིན་དཀར་པོ་ལྡིང་སའི་ཕྱོགས་མཚམས་ལ།།

སྙིང་དྲན་པས་སྦྲེལ་བའི་ཆུང་འདྲིས་ཡོད།།

ཁ་དེ་ལ་འཁོར་ནས་གླུ་ཞིག་ལེན།།

རོགས་བརྗེད་ཀྱི་མེད་པའི་བརྡ་རྟགས་ཡིན།།

ཆར་ཟིམ་ཟིམ་འབབ་སའི་ཡུལ་ཕྱོགས་ལ།།

ལས་སྐྱིད་སྡུག་གཅིག་པའི་གྲོགས་པོ་ཡོད།།

ཞེ་དེ་རུ་འཁོར་ནས་ཀི་ཞིག་འདེབས།།

གྲོགས་ཕྱི་ཐག་བརྟན་པའི་གསོལ་འདེབས་ཡིན།།

收起
节目包含歌曲列表(1首歌)
加载中...
  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息