2021德吉才让最新单曲《虔诚之路》

创作翻唱 多尔桑歌舞电台 第214期 2021-09-11 创建 播放:22653

介绍: དབུས་ལམ་རིང་མོ།
虔诚之路

ཚིག ཞི་བདེ་ཉི་མ།
词 西德尼玛
དབྱངས བདེ་སྐྱིད་ཚེ་རིང་།
曲 德吉老爷
གཞས་པ བདེ་སྐྱིད་ཚེ་རིང་།
唱 德吉老爷
རོལ་མོ ཏན་ཏན།
编曲 旦旦
སྒྲ་བཟོ་ལས་ཤག
母带处理 D&M RECORDS

ཕྱི་བརྩེགས་ནང་བརྩེགས་ཀྱི་རི་རྒྱལ་ལྷུན་པོས།
ངའི་དད་འདུན་གྱི་བློ་ཁ་འགོག་མ་ཐུབ།
ལྷོ་འགྲོ་བྱང་འགྲོ་ཡི་སྨུག་སྤྲིན་ཟབ་མོས།
ངའི...

介绍: དབུས་ལམ་རིང་མོ།
虔诚之路

ཚིག ཞི་བདེ་ཉི་མ།
词 西德尼玛
དབྱངས བདེ་སྐྱིད་ཚེ་རིང་།
曲 德吉老爷
གཞས་པ བདེ་སྐྱིད་ཚེ་རིང་།
唱 德吉老爷
རོལ་མོ ཏན་ཏན།
编曲 旦旦
སྒྲ་བཟོ་ལས་ཤག
母带处理 D&M RECORDS

ཕྱི་བརྩེགས་ནང་བརྩེགས་ཀྱི་རི་རྒྱལ་ལྷུན་པོས།
ངའི་དད་འདུན་གྱི་བློ་ཁ་འགོག་མ་ཐུབ།
ལྷོ་འགྲོ་བྱང་འགྲོ་ཡི་སྨུག་སྤྲིན་ཟབ་མོས།
ངའི་བརྩེ་ཞེན་གྱི་མཐོང་ལམ་བསྒྲིབས་མ་ཐུབ།
ངའི་ཨ་ཕས་གཏན་ཚིགས་ཀྱི་ཞབས་རྗེས་ད་དུང་གསལ་ལྷང་ངེར།
ངའི་ཨ་མའི་ཡིག་དྲུག་གི་འགྱུར་ཁུག་ད་དུང་སྙན་ལྷང་ངེར།
དབུས་ལམ་རིང་མོ།
སྐལ་བའི་སྨོན་ལམ་རིང་མོ།

ངའི་ཨ་ཕས་གཏན་ཚིགས་ཀྱི་ཞབས་རྗེས་ད་དུང་གསལ་ལྷང་ངེར།
ངའི་ཨ་མའི་ཡིག་དྲུག་གི་འགྱུར་ཁུག་ད་དུང་སྙན་ལྷང་ངེར།
འོད་ཀྱི་ལམ་བུ།
སེམས་ཀྱི་ལམ་བུ།
ངའི་སེམས་གཏིང་གི་དབུས་ལམ་རིང་མོ།
ཁིས་ཉག་ཀ་རེ་རེ་བརྒྱུད་དུས།
ངས་ཉི་མ་ལྷ་སར་རླུང་རྟ་ཁྲི་ཕྲག་བསྐྱོད་ཡོད།
ཐང་ཆེན་པོ་རེ་རེར་བརྒྱུད་དུས།
ངས་མེས་པོའི་བློ་སྤོབས་སེམས་ལ་དཔར་ཡོད།
འོད་ཀྱི་ལམ་བུ།
སེམས་ཀྱི་ལམ་བུ།
ངའི་སེམས་གཏིང་གི་དབུས་ལམ་རིང་མོ།

གཙང་ཆབ་ཁྲི་སྟོང་གི་རླབས་ཕྲེང་རྒོད་པོས།
ངའི་ཕུགས་འདུན་གྱི་རྨི་ལམ་བརླན་མ་མྱོང་།
ཐང་ཆེན་ཐང་ཆུང་གི་མུ་མཐའ་རིང་ཡང་།
ངའི་དྲང་བདེན་གྱི་བློ་ཁ་འདར་མ་མྱོང་།
བུ་ང་ཡར་ལ་འགྲོ་དུས་སེམས་ཁོང་ན་འོད་སྣང་ཞིག་ཡོད།
བུ་ང་ཕྱིར་ལ་ལོག་དུས་སེམས་ཁོང་ན་དྲོད་འཇམ་ཞིག་ཡོད།
དབུས་ལམ་རིང་མོ།
སྐལ་བའི་སྨོན་ལམ་རིང་མོ།
ངའི་ཨ་ཕས་གཏན་ཚིགས་ཀྱི་ཞབས་རྗེས་ད་དུང་གསལ་ལྷང་ངེར།
ངའི་ཨ་མའི་ཡིག་དྲུག་གི་འགྱུར་ཁུག་ད་དུང་སྙན་ལྷང་ངེར།
འོད་ཀྱི་ལམ་བུ།
སེམས་ཀྱི་ལམ་བུ།
ངའི་དད་འདུན་གྱི་དབུས་ལམ་རིང་།
ཆུ་གཙང་པོ་རེ་རེ་བརྒལ་དུས།
ངས་ཉི་མ་ལྷ་སར་གསོལ་འདེབས་ཁྲི་ཕྲག་བསྐུར་ཡོད།
རིའི་རྩེ་མོ་རེ་རེར་འབུད་དུས།
ངས་ཕ་ས་ཕྱུག་མོར་བདེ་བའི་སྨོན་ལམ་བརྒྱབ་ཡོད།
འོད་ཀྱི་ལམ་བུ།
སེམས་ཀྱི་ལམ་བུ།
ངའི་དད་འདུན་གྱི་དབུས་ལམ་རིང་།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息