ཕ་མར་ཕུལ་བའི་འཕྲིན་པ།

创作翻唱 སྲོལ་རྒྱུན་གྱི་དམངས་གཞས། 藏歌 第73期 2021-08-08 创建 播放:124705

介绍: ཕ་མར་ཕུལ་བའི་འཕྲིན་པ།
ཚིག། དགེ་མདའ་སྤྲུལ་ཚུལ་ཁྲིམས་རྡོ་རྗེ།
གདངས། དམངས་གཞས།
གཞས་པ། དཀར་མཛེས་བློ་བཟང་། དཔའ་ཤོད་རིག་འཛིན།

ཕ་མ་ཉི་ཟླ་འདྲ་བོ།།
འཇིག་རྟེན་གསལ་བའི་འོད་རེད།།
ཁྱེད་ཉིད་ཡུན་དུ་བརྟན་ན།།
ནང་གི་བདེ་སྐྱིད་དེ་ཡིན།།
དྲན་པའི་འཕྲིན་པ་དཀར་པོ།།
དགུང་གི་སྤྲིན་ལ་བསྐུར་ཡོད།།
སྤྲིན་ལ་སེམས་པ་ཡོད་ན།།
ཕ་མའི་ཕྱག་ཏུ་འབུ...

介绍: ཕ་མར་ཕུལ་བའི་འཕྲིན་པ།
ཚིག། དགེ་མདའ་སྤྲུལ་ཚུལ་ཁྲིམས་རྡོ་རྗེ།
གདངས། དམངས་གཞས།
གཞས་པ། དཀར་མཛེས་བློ་བཟང་། དཔའ་ཤོད་རིག་འཛིན།

ཕ་མ་ཉི་ཟླ་འདྲ་བོ།།
འཇིག་རྟེན་གསལ་བའི་འོད་རེད།།
ཁྱེད་ཉིད་ཡུན་དུ་བརྟན་ན།།
ནང་གི་བདེ་སྐྱིད་དེ་ཡིན།།
དྲན་པའི་འཕྲིན་པ་དཀར་པོ།།
དགུང་གི་སྤྲིན་ལ་བསྐུར་ཡོད།།
སྤྲིན་ལ་སེམས་པ་ཡོད་ན།།
ཕ་མའི་ཕྱག་ཏུ་འབུལ་རོགས།།

ཕ་མའི་བརྩེ་འདང་ཟབ་མོ།།
སེམས་ཀྱི་དབུས་ན་ཉར་ཡོད།།
མ་མཇལ་ལོ་མང་འགོར་ཡང་།།
གཏན་དུ་བརྗེད་པ་མི་སྲིད།།
མི་ཡུལ་ས་མཐའི་གྲོང་ནས།།
དྲིན་ཆེན་ཡབ་ཡུམ་དྲན་ཆེ།།
བཞིན་རས་མཆི་མས་བརླན་ཏེ།།
མིག་ཆུ་ཡིད་ལ་ལྷུང་སོང་།།

ཕ་མ་ཞེས་པ་དྲིན་ཆེན།།
འགྱུར་བ་མེད་པའི་བྱམས་བརྩེ།།
འདས་མ་ད་གསུམ་ཀུན་ཏུ།།
ཁྱེད་ལས་ལྷག་ཅིག་མི་འདུག།
རྨི་ལམ་ནང་གི་ཕ་མ།།
དངོས་མཇལ་བྱུང་ན་བསམ་བྱུང་།།
རེ་སྨོན་འགྲུབ་པའི་སྐྱབས་རྟེན།།
མཆོག་གསུམ་ལྷ་ལ་ཞུས་ཡོད།།

རྟ་ནག་ཐིགས་ཕྲན་ནས་སྒྲིག།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息