《ཁྲེལ་གཞུང་ནང་གི་བྱམས་པ།》

创作翻唱 Tibet藏印 第227期 2021-07-13 创建 播放:56845

介绍: ཁྲེལ་གཞུང་ནང་གི་བྱམས་པ།

♫. ♪~♬..♩

ཚིག ཁ་གྱའི་ཁྱུང་སྔོན།
དབྱངས། ལྷུན་གྲུབ།
ལེན་མཁན། ལྷུན་གྲུབ། སངས་རྒྱས་སྒྲོལ་མ།

↓ ↓ ↓ ↓ ↓

ཉི་ཤུའི་ལང་ཚོ་སྨིན་པའི་ཁ་སྟབས་ན།།

ཁ་འབྲས་སྐར་ཆེན་འཚེར་འདྲའི་ཆུང་གྲོགས་ཤིག།

སེམས་འདུན་གླུ་ཡི་ནང་ན་བྲོད་ནས་ཡོད།།

བརྩེ་བ་དཀར་དམར་གཉི་ཀ་འཐབ་ནས་ཡོད།།

དུངས་ཞེན་ལུ་གུ་རྩེད་སའ...

介绍: ཁྲེལ་གཞུང་ནང་གི་བྱམས་པ།

♫. ♪~♬..♩

ཚིག ཁ་གྱའི་ཁྱུང་སྔོན།
དབྱངས། ལྷུན་གྲུབ།
ལེན་མཁན། ལྷུན་གྲུབ། སངས་རྒྱས་སྒྲོལ་མ།

↓ ↓ ↓ ↓ ↓

ཉི་ཤུའི་ལང་ཚོ་སྨིན་པའི་ཁ་སྟབས་ན།།

ཁ་འབྲས་སྐར་ཆེན་འཚེར་འདྲའི་ཆུང་གྲོགས་ཤིག།

སེམས་འདུན་གླུ་ཡི་ནང་ན་བྲོད་ནས་ཡོད།།

བརྩེ་བ་དཀར་དམར་གཉི་ཀ་འཐབ་ནས་ཡོད།།

དུངས་ཞེན་ལུ་གུ་རྩེད་སའི་སྤང་ཁུགས་ན།།

སྣང་བ་འཇའ་ཚོན་ཤར་འདྲའི་ཆུང་གྲོགས་ཤིག།

སྙིང་གཏམ་ཚིག་གི་མེ་ཏོག་བཞད་ནས་ཡོད།།

དམ་བཅའ་གསེར་གྱི་སྒྲོག་གུ་སྒྲོག་ནས་ཡོད།།

སྙིང་གཏམ་བརྒྱ་ཡིས་གླེང་ཡོད་ལ།

གླེང་བ་ཁྲེལ་ལ་བཅོལ་ཡོད་ལ།

ཁྲེལ་གཞུང་འཛུམ་བག་དྭངས་མོ་ལ།

སྐྱིད་འཚོ་བའི་ནང་གི་དྲོད་ཁོལ་ལགས།

འཇིག་རྟེན་འཁོར་བ་འཁོར་ལོའི་སྣེ་མོ་ན།།

ཞེ་འདང་མཚོ་མོ་འཁྱིལ་འདྲའི་ཆུང་གྲོགས་ཤིག།

གཞོན་པའི་ཁ་ཆད་གསེང་ན་བསྐུངས་ནས་ཡོད།།

ཁྲེལ་གཞུང་དམ་ཚིག་སྲ་མོ་སྲུང་ནས་ཡོད།།

མི་ཚེ་ཁ་ཡིག་རིང་མོའི་ལམ་སྣེ་ན།།

ལས་དབང་ཆ་ཡིག་བརྐོས་འདྲའི་ཆུང་གྲོགས་ཤིག།

ས་དང་གནམ་གྱི་བརྩེ་བ་རུམ་ནས་ཡོད།།

ཉི་མ་ཟླ་བའི་སྤྱན་གྱིས་འཚོས་ནས་ཡོད།།

དྲན་པ་སྟོང་གིས་གླེང་ཡོད་ལ།

གླེང་བ་ཚིག་ཏུ་བཏབ་ཡོད་ལ།

ཚིག་གསུམ་དར་གྱི་བརྩེ་མདུད་ལ།

སྐྱིད་འཚོ་བའི་ནང་གི་དྲོད་ཁོལ་ལགས།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息