《情》仁青诺日

创作翻唱 Tibet藏印 第187期 2021-04-12 创建 播放:26143

介绍: འདང་།
གཞས་ཚིག རུ་མང་ཡི་དམ་རྒྱལ།
གཞས་གདངས། རིན་ཆེན་ནོར་བུ།
གཞས་པ། རིན་ཆེན་ནོར་བུ།

དགུང་ཉི་རྩེ་ས་ལ་རྒྱབ་ནས།།
ལུག་གཡང་དཀར་སྲིན་ལ་འདྲིས་དུས།།
ཆུང་བྱམས་པ་མེ་ཏོག་འདྲ་བོ།།
སྲིན་དཀར་བོའི་རྣ་ཏོག་ཡིན་འདྲ།།
ངའི་ཆུང་འདྲིས་འཛུམ་པའི་ཚེམས་དཀར།།
དུང་དཀར་པོའི་ཕྲེང་རྒྱུན་རང་སྒྲིག།
ཞེ་སྣང་བ་དར་གྱི་སྐེ་རགས།།
ངའི་སྙིང་...

介绍: འདང་།
གཞས་ཚིག རུ་མང་ཡི་དམ་རྒྱལ།
གཞས་གདངས། རིན་ཆེན་ནོར་བུ།
གཞས་པ། རིན་ཆེན་ནོར་བུ།

དགུང་ཉི་རྩེ་ས་ལ་རྒྱབ་ནས།།
ལུག་གཡང་དཀར་སྲིན་ལ་འདྲིས་དུས།།
ཆུང་བྱམས་པ་མེ་ཏོག་འདྲ་བོ།།
སྲིན་དཀར་བོའི་རྣ་ཏོག་ཡིན་འདྲ།།
ངའི་ཆུང་འདྲིས་འཛུམ་པའི་ཚེམས་དཀར།།
དུང་དཀར་པོའི་ཕྲེང་རྒྱུན་རང་སྒྲིག།
ཞེ་སྣང་བ་དར་གྱི་སྐེ་རགས།།
ངའི་སྙིང་གི་དཀྱིལ་ལ་འཐེན་ཡོད།།

དགུང་ཕྱི་དྲོ་ཉི་མ་ནུབ་དུས།།
ལུག་ཚེར་མོའི་འབའ་སྐད་ལྷང་ལྷིང་།།
ཆུང་བྱམས་པ་འཚམས་སྤྲིན་འདྲ་བོ།།
དུང་ཟླ་བ་ཤར་དུས་ཐོན་ཡོང་།།
ངའི་ཆུང་འདྲིས་ཁ་འཇམ་ཚིག་འཇམ།།
གཞུང་གཤིས་རྒྱུད་འོ་མའི་མདངས་ཡིན།།
འདང་མུ་ཐག་གཅིག་ཏུ་རྒྱས་པ།།
སྦྲ་ནག་པོས་མ་གཏོགས་མི་ཤེས།།
ངའི་ཆུང་འདྲིས་ཁ་འཇམ་ཚིག་འཇམ།།
གཞུང་གཤིས་རྒྱུད་འོ་མའི་མདངས་ཡིན།།
འདང་མུ་ཐག་གཅིག་ཏུ་རྒྱས་པ།།
སྦྲ་ནག་པོས་མ་གཏོགས་མི་ཤེས།།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息