དགྲ་ལྷའི་དམག་བཀོད《热达》

创作翻唱 གཞས་གསར藏族爷们儿 第142期 2021-03-13 创建 播放:20717

介绍: ལྷ་སྲས་དགྲ་ལྷའི་དམག་བཀོད་འཇིགས་མེད་རྡོ་རྗེའི་དཔའ་གླུ་ཞེས་བྱ་བ།

ཚིག གླིང་སྤྲུལ ༧ འཇིགས་མེད་ཀུན་བཟང་རྒྱལ་མཚན།
དབྱངས་དང་ལེན་མཁན། རིག་དར།

གླུ་ཨ་ལ་སྤྲོས་བྲལ་ཆོས་སྐུའི་གླུ། །

གླུ་ཐ་ལ་ལྷུན་གྲུབ་ལོངས་སྐུའི་གླུ། །

དོན་བདེ་སྟོང་དབྱེར་མེད་སྤྲུལ་སྐུའི་གླུ། །

ངས་གཡས་འཁྱིལ་དུང་གི་མགྲིན་པར་ལེན། །

གནས་སྤྱི་གཙུག་ཉི་...

介绍: ལྷ་སྲས་དགྲ་ལྷའི་དམག་བཀོད་འཇིགས་མེད་རྡོ་རྗེའི་དཔའ་གླུ་ཞེས་བྱ་བ།

ཚིག གླིང་སྤྲུལ ༧ འཇིགས་མེད་ཀུན་བཟང་རྒྱལ་མཚན།
དབྱངས་དང་ལེན་མཁན། རིག་དར།

གླུ་ཨ་ལ་སྤྲོས་བྲལ་ཆོས་སྐུའི་གླུ། །

གླུ་ཐ་ལ་ལྷུན་གྲུབ་ལོངས་སྐུའི་གླུ། །

དོན་བདེ་སྟོང་དབྱེར་མེད་སྤྲུལ་སྐུའི་གླུ། །

ངས་གཡས་འཁྱིལ་དུང་གི་མགྲིན་པར་ལེན། །

གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །

རྗེ་འཇིགས་མེད་པདྨ་རྒྱལ་པོ་བཞུགས། །

ངའི་ཚེ་རབས་ལས་ཀྱི་བླ་མ་སྟེ། །

མཆོག་སངས་རྒྱས་ཐོབ་ཀྱང་གཙུག་གི་རྒྱན། །

ས་འདི་ཡི་ས་ངོ་མ་ཤེས་ན། །

གནས་རྨ་ཡུལ་གཡང་གི་ར་བ་ནས། །

མཁར་མི་འགྱུར་སེང་འབྲུག་སྟག་རྩེ་ཡི། །

མདུན་སུམ་རྩེན་པདྨའི་དགའ་ཚལ་རེད། །

ཕོ་ང་འདྲ་ང་ངོ་མ་ཤེས་ན། །

རྗེ་ཙནྡྲ་གོ་མིའི་རྣམ་སྤྲུལ་བ། །

ཁོང་འབུམ་པ་དུང་ཟླའི་སྲས་པོ་མཆོག

རྗེ་སེང་ཆེན་རྒྱལ་པོའི་ཚ་བོ་སྟེ། །

གླིང་ལྷ་དམག་དཀར་པོའི་ཉིང་བཅུད་ལ། །

ང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ཡིན། །

དུས་དེ་རིང་སྐྱིད་ཀྱི་ཉི་མ་སྟེ། །

རྗེ་རྒྱལ་བློན་ཉི་ཟླའི་ཚུལ་དུ་བཞུགས། །

གླིང་ལྷ་དམག་སྟག་སེང་ཁ་སྤྲོད་བྱས། །

འབངས་ལྷ་སྡེ་སྐར་ཚོགས་བཞིན་དུ་བཀྲ། །

ས་མ་འོངས་ལྕགས་ཀྱི་ཁྱི་ཕག་ལ། །

བདུད་ཀླ་ཀློའི་མགོ་འཕང་བཏེགས་ནས་འོང་། །

དེའི་ཁ་གནོན་ཁྲ་མོ་གླིང་ལ་བབས། །

གླིང་དཀར་པོས་འཇིགས་མེད་བཙན་རྫོང་ཆོས། །

གནས་ལྷ་ཤིང་ཤུག་ལོའི་རྩེ་མོ་རུ། །

ལྷོ་གཡུ་འབྲུག་རང་སྒྲ་ལྡིར་བའི་ཚེ། །

བདུད་དམ་སྲིའི་རུ་མཚོན་ས་ལ་བསྙིལ། །

དགྲ་ཨ་ཀྲད་ཡན་ལ་མཐོ་མི་རུང་། །

མགོན་ཐུབ་དབང་བསྟན་པའི་རྒྱལ་མཚན་ཆེ། །

དགུང་ཉི་ཟླའི་འགྲོས་དང་མཉམ་ངེས་དགོས། །

དུས་དེ་རིང་གླིང་དཀར་དུས་སྟོན་ལ། །

ནོམ་ཅི་ཡོད་གཏན་གྲོགས་དར་བཟས་གསུངས། །

གླུ་གོ་ན་རྣ་བའི་བཅུད་དུ་ཟུངས། །

ད་མ་གོ་གླུ་ལ་ཡང་ཟློས་མེད། །

ཁྱེད་འདིར་ཚོགས་ཐུགས་ལ་དེ་ལྟར་ཞོག །

歌手,热达

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息