才仁曲尼 - 谁能告诉我(精修)

创作翻唱 cai•才仁曲尼 第46期 2020-11-17 创建 播放:836189

介绍: 才仁曲尼 - 寻觅(附带藏文歌词)
འཚོལ་སྙེག
གཞས་མ་ ཚེ་རིང་ཆོས་ཉིད
བུ་མོ་ང་ཆུང་དུས་ནས་
སློབ་གྲྭ་ལ་སོང་བ་རེད།
ཐག་རིང་པོ་རིང་པོ་ལ་སོང་བ་རེད
ཅོང་སྒྲ་དེ་སིང་སིང་སིང་།
སློབ་མ་ཚོ་ལྡིར་རི་རི།
ལྷོད་དར་གྱི་ཟ་མ་ཞིག་ངས་རག་མ་མྱོང་།
ཕ་མ་གཉིས་དམར་ཆེ་བས།
དགེ་རྒན་ལ་བརྩི་ཆེ་བས།
མ་རབ་པའི་བྱ་བ་ཞིག་ངས་ལས་མ་མྱོང་།
ལོ་འཁོར་གྱི་རྒྱུགས...

介绍: 才仁曲尼 - 寻觅(附带藏文歌词)
འཚོལ་སྙེག
གཞས་མ་ ཚེ་རིང་ཆོས་ཉིད
བུ་མོ་ང་ཆུང་དུས་ནས་
སློབ་གྲྭ་ལ་སོང་བ་རེད།
ཐག་རིང་པོ་རིང་པོ་ལ་སོང་བ་རེད
ཅོང་སྒྲ་དེ་སིང་སིང་སིང་།
སློབ་མ་ཚོ་ལྡིར་རི་རི།
ལྷོད་དར་གྱི་ཟ་མ་ཞིག་ངས་རག་མ་མྱོང་།
ཕ་མ་གཉིས་དམར་ཆེ་བས།
དགེ་རྒན་ལ་བརྩི་ཆེ་བས།
མ་རབ་པའི་བྱ་བ་ཞིག་ངས་ལས་མ་མྱོང་།
ལོ་འཁོར་གྱི་རྒྱུགས་ཆེན་རེ།
ཚེ་སྲོག་གི་གཏའ་མ་རེད།
སྤྲོ་སྣང་གི་རྨི་ལམ་ཞིག་ངས་རྨིས་མ་མྱོང་།
བུ་མོ་ང་ཆུང་དུས་ནས།
སློབ་གྲྭ་ལ་སོང་བ་རེད།
བུ་མོ་ང་ཆུང་དུས་ནས།
སློབ་གྲྭ་ལ་སོང་བ་རེད།
ལོ་མང་པོ་མང་པོ་ལ་སོང་བ་རེད།
བུ་མོ་ང་ད་ལྟའི་དུས།
སློབ་གྲྭ་ལ་འགྲོ་བཞིན་ཡོད།
གཞུང་ག་ས་གང་ལ་ཞུགས་ནས་འགྲོ་བཞིན་ཡོད།
གོང་མ་ཡི་མཛུབ་སྟོན་རེད།
འོག་མ་ཡི་གུས་བཀུར་རེད།
ངའི་གུས་བཀུར་འདི་སུའི་དོན་ཡིན་ངས་མི་ཤེས།
དགའ་བ་ལ་ཁྲོ་མདོག་མདོག
མི་དགའ་ལ་དགའ་མདོག་མདོག
ངའི་གཡོ་སྒྱུ་འདི་ཅིའི་ཆེད་ཡིན་ངས་མི་ཤེས།
དུ་ཆང་གི་དྲི་སིལ་སིལ།
སྒྲགས་སྐད་ཀྱི་གཏམ་དིག་དིག
ངའི་འཁོར་ཡུག་འདི་ཇི་འདྲ་ཡིན་ངས་མི་ཤེས།
མ་ཎི་ཡི་སྒྲ་མེད་ཅིང་།
ཀ་ཁ་ཡི་དྲི་མེད་པས།ཡ
ང་སུ་ཚིང་གི་མི་མོ་ཡིན་ངས་མི་ཤེས།
ཉིན་མོ་ཡི་ཟས་ཆག་ཅིང་།
མཚན་མོ་ཡི་གཉིད་ཆག་པའི།
ངའི་ལས་ཀ་འདི་ཡི་དམིགས་ཡུལ་ངས་མི་ཤེས།
ཚེ་ཕྱེད་ཀྱི་སློབ་སྦྱོང་རེད།
ལྟོ་གོས་ཙམ་ཚད་ས་མེད།
སློབ་སྦྱོང་དེ་ཅི་ཡིན་ཤེས་ན་བཤད་རོགས་གྱིས།
ཚེ་ཕྱེད་ཀྱི་སློབ་སྦྱོང་རེད།
ལྟོ་གོས་ཙམ་ཚད་ས་མེད།
སློབ་སྦྱོང་དེ་ཅི་ཡིན་ཤེས་ན་བཤད་རོགས་གྱིས།
རྔུལ་ཁྲག་གི་སློབ་ཐོན་དེ།
ཚེ་འཁྱོལ་ཙམ་ཡིན་ས་མེད།
སློབ་ཐོན་དེ་ཅི་ཡིན་ཤེས་ན་བཤད་རོགས་གྱིས།
ངའི་སྡུག་རུས་དེའི་མཇུག་འབྲས།
ངས་ད་དུང་རྙེད་ཐུབ་མེད།
སུས་རྙེད་སོང་ན་ང་ལ་སྤྲད་རོགས་གྱིས་དང་།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息