情感

创作翻唱 TSYFT 第29期 2020-07-27 创建 播放:679004

介绍: མི་ཚེ་ནང་ཡག་པོ་གཅིག་ཡོང་ནས་རེད་མེད་ནས་རེད།
རྐུབ་དབྱུག་བྱས་ཞབས་བྲོ་འཁྲབ་རྒྱུ་དེ་གལ་ཆེན་པོ་རེད།
གཞན་མ་གཞི་གཞན་གྱི་མཇུག་ལ་ལུས་ཀྱི་རེད།
ལག་པར་ཁབ་གཙགས་རྒྱབ་ཐ་མ་འཐེན་ན་ལས།
མི་ལ་གནོད་སྐྱེལ་མྱོང་མེད་པ་དེ་གས།
རང་གི་རང་ལ་འགྲིགས་ཞག་བསམ་ན་དེ་གར་རེད།
ད་དེ་འདྲ། གལ་མིན་འདུག རང་ནང་བཞིན་འཁྲབ་དགོས་མིན་འདུག
ང་འཁྲབ་ཡའི་དུས་ཚོད་ས...

介绍: མི་ཚེ་ནང་ཡག་པོ་གཅིག་ཡོང་ནས་རེད་མེད་ནས་རེད།
རྐུབ་དབྱུག་བྱས་ཞབས་བྲོ་འཁྲབ་རྒྱུ་དེ་གལ་ཆེན་པོ་རེད།
གཞན་མ་གཞི་གཞན་གྱི་མཇུག་ལ་ལུས་ཀྱི་རེད།
ལག་པར་ཁབ་གཙགས་རྒྱབ་ཐ་མ་འཐེན་ན་ལས།
མི་ལ་གནོད་སྐྱེལ་མྱོང་མེད་པ་དེ་གས།
རང་གི་རང་ལ་འགྲིགས་ཞག་བསམ་ན་དེ་གར་རེད།
ད་དེ་འདྲ། གལ་མིན་འདུག རང་ནང་བཞིན་འཁྲབ་དགོས་མིན་འདུག
ང་འཁྲབ་ཡའི་དུས་ཚོད་སླེབས་བྱས་འགྲོ་ཡང་འགྲོ་ཚར་ཞག
ང་སེམས་པ་ཆགས་ས་མིན་འདུག ཕ་མ་གཉིས་འཁྲིད་ལ་མི་འདུག
ཡུན་རིན་པོ་གཅིག་པུར་བསྡད་དེ་རྦད་དེ་གོམས་ཚར་ཞག
དེ་ངའི་སེམས་རེད། ཁྱེད་ཚོས་མགོ་ཚོད་ཀྱི་མ་རེད།
ཡིན་ནས་ལབ་རྒྱུ་གླེང་རྒྱུ་ནི་མང་།
དེ་ངས་གདམ་པ་རེད། ག་རེ་ཡོང་ནས་མ་ཡོང་ནས་ང་ལ་འགྱོད་པ་མེད།
སེམས་ནང་མེད།

རང་གི་ལམ་ཁའི་སྒང་བཞག་ཡོད་པའི་རྐང་རྗེས་དེ།
བསུབ་ན་བསུབ་ཡ་ལས་སླ་པོ་ཞེ་དྲགས་རེད།
ཡིན་ནས་ཕྱིན་ཚར་པའི་མེ་ཚེའི་ནང་གི་ནག་ཐིག་དེ།
བརྗེད་རོགས་བྱས་ན་བསམ་ནས་སྡོད་བསྡད་བྱས་ཡང་འཁོར་ཡོང་གི

ངའི་བསམ་བློ་ནང་དུ་ཡོད་པའི་མི་ཚེ་དེ།
དངོས་སུ་འགྱུར་བ་ལ་དངོས་ནས་ཡིན་ཁག་པོ་འདུག
དངུལ་བསགས་བ་ལ་གཅིག་མ་བྱས་ན་ཡོང་གི་མི་འདུག

ལོ་དེ་འདྲ་མང་པོ་གཅིག་ངས་ཕ་མས་བསགས།
ང་སློབ་གྲྭ་འགྲོ་ཐེངས་གཅིག་ལ་ཚང་མ་བསྐྱལ།
ད་ད་ལྟའི་དུས་ཕ་མ་གཉིས་སྙིང་རྗེ།
བཟའ་བསྡོད་འགྲོ་གསུམ་ཁྱེད་གཉིས་ཀྱི་ང་ལ་ཡ་གནངས།
ངས་ག་དུས་ཡིན་ནས་རླུང་ནང་ལ་བསྟན།
བྱམས་དང་བརྩེ་བ་འཁྲིད་ལ་ཡོད་ནས་ཧ་མ་གོ
ང་ལམ་ཟུར་གྱི་མེ་ཏོག་ལ་མགོ་འཁོར་བསྡད།

ཕྲུ་གུ་ཟེར་ཡ་དེ་ལོན་ཡ་ཅི་མེད།
ཕ་མའི་མིག་ནང་རང་རྟག་ཏུ་ཕྲུ་གུ་རེད།
པུ་གུའི་མིག་ནང་མཐོང་པ་དེ་རྩེད་མོ་བྱས།
ཕ་མའི་སྤྱན་ལ་ཡ་གཟིགས་ཡ་དེ་བུ་ཕྲུག་རེད།
དེ་གཉིས་མ་རྩ་ནས་མཉམ་དུ་རེད་མཐོང་གི་རེད།
ང་ཚོའི་མི་ཚེ་ལས་དེ་འདྲ་བྱས་འགྲོ་ཡི་རེད།
བསམ་བློའི་ནང་ལོག་ལ་རྗིད་ཁོག་གཅིག་སྤྲད་མ་བསྡད།
དཀའ་ངལ་ལ་རྫོགས་ཡ་ཅི་ཡོད་མ་རེད།

མི་དམངས་ཤོག་སྒོར་ཆར་པ་འབབ་ཤོག
དཀའ་ངལ་ཐམས་ཅད་སེལ་པར་གྱུར་ཅིག
འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སྡུག་ངལ་གནས་ལས་ཐར་བར་ཤོག
ཡོ་རོབ་དངུལ་ཆར་པ་བབས་ཤོག
ང་རའི་རྨི་ལམ་མྱུར་དུ་འགྲུབ་པར་ཤོག
དུས་སང་ད་ཚོད་ཨ་ལེ་བྷ་བྷ་ནང་བཞིན།

མི་དམངས་ཤོག་སྒོར་ཆར་པ་འབབ་ཤོག
དཀའ་ངལ་ཐམས་ཅད་སེལ་པར་གྱུར་ཅིག
འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་སྡུག་ངལ་གནས་ལས་ཐར་བར་ཤོག
ཡོ་རོབ་པད་ཤལ་ཆར་པ་བབས་ཤོག
ང་རའི་རྨི་ལམ་མྱུར་དུ་འགྲུབ་པར་ཤོག
དུས་བཟང་ད་ཚོད་ཨ་ལེ་བྷ་བྷ་ནང་བཞིན་བཀྱག་བསྡད།

ཕ་མ་རྒན་འགོག་སྐུ་ཚེ་བརྟན་པར་ཤོག
མཉམ་འཛོམས་ཀྱི་དུས་གཅིག་རགས་བར་ཤོག
ང་ཡི་ཕ་མ་རྒན་འགོག་སེམས་ནང་དྲན།
བུ་ངའི་བསོད་བདེ་བས་རང་སྐམ་མེད་པར་ཤོག།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息