【牧】¹⁹⁹⁷◂献给姥爷的一首歌•格桑黑莲▸

创作翻唱 འབྲོག་པའི་དབྱིངས་།---__---异域风情 第5期 2020-05-21 创建 播放:3312

介绍: ཁྱེད་ལ་ཕུལ་བའི་འཕྲིན།

གཞས་ཚིག ཨ་སྟོན།

ལེན་མཁན།བནྡེ་སྐྱབས།

བདེ་སྐྱིད་ཚེ་རིང་།

ཧ་ཅང་སྤྱིར་བཏང་གི་གྲུ་ག་དེ་ནས།

སྤྱིར་བཏང་མ་ཡིན་པའི་སྐད་ངག་ཞིག་གམ།

གཞས་མ་གཏམ་གྱི་དབྱངས་རྟ་སྙན་མོས།

རང་ཉིད་ཀྱི་ལས་དབང་ལ་རྒྱང་བལྟ་བྱེད་དུས།

ཐག་ཉེ་ཐག་ཉེ་ཞིག་ན།

གློག་འོད་རྣམ་པར་བཀྲ་བའི་གར་སྟེགས་ཞིག་གིས།

ཁྱེད་ལ་འདི་ལྟར་བསྒུག་ཡོད།...

介绍: ཁྱེད་ལ་ཕུལ་བའི་འཕྲིན།

གཞས་ཚིག ཨ་སྟོན།

ལེན་མཁན།བནྡེ་སྐྱབས།

བདེ་སྐྱིད་ཚེ་རིང་།

ཧ་ཅང་སྤྱིར་བཏང་གི་གྲུ་ག་དེ་ནས།

སྤྱིར་བཏང་མ་ཡིན་པའི་སྐད་ངག་ཞིག་གམ།

གཞས་མ་གཏམ་གྱི་དབྱངས་རྟ་སྙན་མོས།

རང་ཉིད་ཀྱི་ལས་དབང་ལ་རྒྱང་བལྟ་བྱེད་དུས།

ཐག་ཉེ་ཐག་ཉེ་ཞིག་ན།

གློག་འོད་རྣམ་པར་བཀྲ་བའི་གར་སྟེགས་ཞིག་གིས།

ཁྱེད་ལ་འདི་ལྟར་བསྒུག་ཡོད།

རིགས་རྒྱུད་ཞིག་གི་དྭངས་མ་འཚེར་བའི།

ཁྱེད་ཀྱི་སྐད་ངག་དང་དབྱངས་རྟའི་གདངས་དབྱངས་ཁྲོད།

ཁྱེད་ཀྱི་རྨི་ལམ་དང་ཁྱེད་ཀྱི་བརྩེ་དུང་ཡོད་ལ།

འཇིག་རྟེན་གཞན་ཞིག་གི་རྨི་ལམ་དང་རྐང་རྗེ་ཡོད།

ཚ་དྲོད་འབར་བའི་སྐང་ངག་རེ་རེའི་སྣེ་མོ་རེ་ན།

ལྷག་བསམ་ལས་འབུས་པའི་བརྩེ་བའི་ཉིང་ཁུ་བཞུར་ཞིང་།

རིགས་རྒྱུད་ཀྱི་འབུས་པའི་ལང་ཚོའི་མེ་ཏོག་འཛུམ།

བདེ་སྐྱིད་ཚེ་རིང་།

ཨ་ཕ་ཞེས་པའི་དབྱངས་རྟ་སྙན་མོས།

ལྷ་ཡུལ་གྱི་བུ་མོ་མི་ཡུལ་དུ་འགུགས་ཞིང་།

ཀླུ་ཡུལ་གྱི་བུ་མོ་སྨོན་པའི་སྦྲུམ།

ཁྱེད་ཀྱི་དགོད་སྒྲ་དང་འཛུམ་མདངས་དྭངས་མོས།

ཕྱོགས་བཞིའི་མཛེས་སྡུག་དག་གཞི་གཅིག་ཏུ་བསྡུས་ཞིང་ཕྱོགས་བརྒྱད་དུ་བཀྲ

གཞས་མ་གཏམ་གྱི་དབྱངས་རྟ་སྙན་མོས།

རང་ཉིད་ཀྱི་ལས་དབང་ལ་ལམ་ཆེན་ཞིག་བཟོ་བསྐྲུན་བྱེད་ཡོད་པ་དང་།

མ་སྐྱེས་ཨ་མའི་གཞིས་ཁྱིམ་ལ་གསོན་ཤུགས་བསྩལ།

དེ་བས།ཁྱེད་ནི་ལམ་ཆེན་ཞིག་ཀྱང་ཡིན་ལ་སྒོ་ཆེན་ཞིག་ཀྱང་ཡིན།

ཁྱེད་ནི་རྨས་ཟིན་པའི་སེམས་པ་གྲངས་མེད་ཞིག་གི་ལྷ་རྗེ་དང་།

འཁྲུང་བཞིན་པའི་སེམས་པ་གྲངས་མེད་ཞིག་གི་སྦྲང་ཆར་ཡང་རེད།

བདེ་སྐྱིད་ཚེ་རིང་།

ཁྱེད་ཀྱི་ལང་ཚོའི་གླུ་སྐད།

ནམ་ཡང་ཉམས་པ་མེད་པ།

བདེ་སྐྱིད་ཚེ་རིང་།

ཁྱེད་ནི་སེམས་ཁོང་གི་ཉི་འོད།

གཏན་དུ་འཚེར་བའི་སྨོན་ལམ།

ཁྱེད་ནི་ཁ་སྟོང་ཁོག་སྟོང་མ་ཡིན་པའི།

དབྱངས་ཅན་ལྷ་མོའི་པི་ཝང་ངོ་མ་ཞིག་སྟེ།

གངས་རིའི་གླུ་སྐད་ལ་ལང་ཚོ་གསར་བ་ཞིག་གི་གཟི་བྱིན་བསྩལ་ཞིང་།

གངས་རིའི་ཁུ་བྱུག་ཚོ་ལ་ལམ་བུ་གསར་བ་ཞིག་གི་སྒོ་མོ་ཕྱེས།

བདེ་སྐྱིད་ཚེ་རིང་།

ཁམས་པའི་ཁུ་བྱུག

ཁྱེད་ཀྱི་སྐང་ངག་ལ་རིགས་ཞེན་གྱི་མེ་ལྕེ་འབར་ཞིང་།

བདེན་ཞེན་གྱི་ཉི་འོད་འཇམ་པོ་འཁྱིལ་ཡོད་པས།

ལྷ་ཀླུ་གཉན་གསུམ་གཞི་གཅིག་ཏུ་འགུགས་ཞིང་།

དྲི་ཟའི་བུ་མོའི་མཛེས་སྡུག་དང་སྐད་ངག་འཕྲོག

མཛེས་སྡུག་འབར་བའི་ཁྱེད་ཀྱི་ཡིད་འོང་གི་ལང་ཚོའི་སྒེག་
ཉམས་རེ་རེའི་དབྱར་གཞུང་དུ།

རྣམ་ཤེས་ཁྲི་འབུམ་གྱི་རེ་སྨོན་སྦས་ཡོད་ལ།

རེ་སྨོན་ཁྲི་འབུམ་གྱི་རྣམ་ཤེས་འཁོར་ཡོད།

དེ་བས།ཁྱེད་ཀྱི་འདེམ་མྱུར་གྱི་གར་སྟེགས་དེ་ཡང་ཡིད་འོང་གི་མེ་ཏོག་ཞིག

གཞས་མ་གཏམ་གྱི་དབྱངས་རྟ་སྙན་མོས།

རང་ཉིད་ཀྱི་ལས་དབང་ལ་ལམ་ཆེན་ཞིག་བཟོ་བསྐྲུན་བྱེད་ཡོད་པ་དང་།

མ་སྐྱེས་ཨ་མའི་གཞིས་ཁྱིམ་ལ་གསོན་ཤུགས་བསྩལ།

དེ་བས།ཁྱེད་ནི་ལམ་ཆེན་ཞིག་ཀྱང་ཡིན་ལ་སྒོ་ཆེན་ཞིག་ཀྱང་ཡིན།

ཁྱེད་ནི་རྨས་ཟིན་པའི་སེམས་པ་གྲངས་མེད་ཞིག་གི་ལྷ་རྗེ་དང་།

འཁྲུང་བཞིན་པའི་སེམས་པ་གྲངས་མེད་ཞིག་གི་སྦྲང་ཆར་ཡང་རེད།

བདེ་སྐྱིད་ཚེ་རིང་།

ཁྱེད་ཀྱི་ལང་ཚོའི་གླུ་སྐད།

ནམ་ཡང་ཉམས་པ་མེད་པ།

བདེ་སྐྱིད་ཚེ་རིང་།

ཁྱེད་ནི་སེམས་ཁོང་གི་ཉི་འོད།

གཏན་དུ་འཚེར་བའི་སྨོན་ལམ།

བདེ་སྐྱིད་ཚེ་རིང་།

ཁྱེད་ཀྱི་ལང་ཚོའི་གླུ་སྐད།

ནམ་ཡང་ཉམས་པ་མེད་པ།

བདེ་སྐྱིད་ཚེ་རིང་།

ཁྱེད་ནི་སེམས་ཁོང་གི་ཉི་འོད།

གཏན་དུ་འཚེར་བའི་སྨོན་ལམ།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息