朋友相聚欢 索南多杰

创作翻唱 藏歌@音牧子 第503期 2019-08-23 创建 播放:79135

介绍: གྲོགས་མ་འཛོམ་དེ་རིང་འཛོམས་པ་སྐྱིད། 

ཚིག་བེ་དུང་གིས་བརྩམས།

དབྱངས་དམངས་ཁྲོད་ལས་བཏུས།

བསོད་ནམས་སྟོབས་རྒྱལ་གྱིས་བླངས།

མངའ་རིས་རམ་དཀྲོལ་པ། རྩེ་དབྱངས་སྙན།

པར་ལེན་པ།  བེ་དུང་།

སྒྲ་ལེན་པ།   ནཱ་ནཱ།   

གྲོགས་མ་འཛོམ་དེ་རིང་འཛོམས་པ་ན།།

ཆང་བདུད་རྩི་ཤགས་སེ་གཙང་བཞེས་གནོངས།།

ཚེ་མི་རྟག་འཛོམ་པ་དཀའ་མོ་རེད།།

སྐྱིད་ཉི་མ...

介绍: གྲོགས་མ་འཛོམ་དེ་རིང་འཛོམས་པ་སྐྱིད། 

ཚིག་བེ་དུང་གིས་བརྩམས།

དབྱངས་དམངས་ཁྲོད་ལས་བཏུས།

བསོད་ནམས་སྟོབས་རྒྱལ་གྱིས་བླངས།

མངའ་རིས་རམ་དཀྲོལ་པ། རྩེ་དབྱངས་སྙན།

པར་ལེན་པ།  བེ་དུང་།

སྒྲ་ལེན་པ།   ནཱ་ནཱ།   

གྲོགས་མ་འཛོམ་དེ་རིང་འཛོམས་པ་ན།།

ཆང་བདུད་རྩི་ཤགས་སེ་གཙང་བཞེས་གནོངས།།

ཚེ་མི་རྟག་འཛོམ་པ་དཀའ་མོ་རེད།།

སྐྱིད་ཉི་མ་ཡང་ཡང་ཤར་ལེ་མིན།།

ནང་གངས་རི་འདྲ་ཞིག་དཀར་བར་ཤོག། 

འཛུམ་དུང་ཟླ་འདྲ་ཞིག་ཚེས་པར་ཤོག།

ངོ་མ་འཕྲད་དེ་རིང་འཕྲད་པ་ན།།

འཛུམ་སྤྲོ་དགས་ནང་སེམས་ཁེངས་པར་ཤོག།

ལམ་མི་གཅིག་འགྲོ་ཕྱོགས་ཁ་ཁ་རེད།།

ཞལ་འཛུམ་མདངས་ཡང་ཡང་མཐོང་ལེ་མིན།།

འདང་རྩྭ་ཐང་འདྲ་ཞིག་ཆེ་བར་ཤོག། 

 ནང་རྫ་ཆུ་འདྲ་ཞིག་གཙང་བར་ཤོག།

གསུང་མ་གོ་དེ་རིང་གོ་བ་ན།།

སེམས་ཁ་ཁོག་གཅིག་ལ་མཐུན་ནས་ཤོག།

དུས་རྟག་ཏུ་མཇལ་འཛོམ་དཀའ་མོ་རེད།།

ཚིག་སྙིང་གཏམ་རྒྱུན་དུ་གོ་ལེ་མིན།།

གཏམ་དགོད་སྒྲ་ཅན་ཞིག་གླེང་བར་ཤོག།  

སེམས་ཉི་མ་འདྲ་ཞིག་དྲོ་བར་ཤོག།

འཛུམ་མ་མཐོང་དེ་རིང་མཐོང་བ་ན།།

འདང་བརྩེ་བའི་རིན་ཐང་གླེང་ནས་ཤོག།

ལས་མི་གཅིག་ལ་དང་ལུང་པ་རེད།།

ལྷན་གཅིག་ཏུ་འཛོམ་པ་དཀའ་མོ་རེད།།

གྲོགས་མ་འཛོམ་དེ་རིང་འཛོམས་པ་སྐྱིད།། 

 སྐྱིད་འདི་ནི་མི་ཚེའི་དྲན་ཤིང་ཡིན།།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息