却三杰 ང་ཚོ་ལ་སང་ཉིན་ཡོད།

创作翻唱 天籁藏曲歌集 第162期 2019-07-15 创建 播放:14051

介绍: ང་ཚོ་ལ་སང་ཉིན་ཡོད།
ཚིག་རྩོམ་མཁན། འབྲོག་སེང་སྐལ་བྷེ།
དབྱངས་རྩོམ་མཁན། མཆོག་གསུམ་རྒྱལ།
དཀྲོལ་ལེན་པ། མཆོག་གསུམ་རྒྱལ།

འཇིག་རྟེན་འདི་ཡི་གྲུ་ཟུར་རེ་ནས།།
སེམས་ལ་ལྷན་པ་བརྒྱ་སྟོང་ཐེབས་སོང་།།
གནམ་བསྐོས་ལྷ་ཡི་བཀའ་ཡིག་མིན་ན།།
ས་ཆེན་གསེར་གྱི་སྒྲོག་གུ་མ་གཅོད།།

ང་ཚོ་གངས་དང་ཉི་མས་བཞུས་ཤིང་།།
ང་ཚོ་རྨ་འབྲི་གཙང་བོར་འཐིམས་མྱོང་...

介绍: ང་ཚོ་ལ་སང་ཉིན་ཡོད།
ཚིག་རྩོམ་མཁན། འབྲོག་སེང་སྐལ་བྷེ།
དབྱངས་རྩོམ་མཁན། མཆོག་གསུམ་རྒྱལ།
དཀྲོལ་ལེན་པ། མཆོག་གསུམ་རྒྱལ།

འཇིག་རྟེན་འདི་ཡི་གྲུ་ཟུར་རེ་ནས།།
སེམས་ལ་ལྷན་པ་བརྒྱ་སྟོང་ཐེབས་སོང་།།
གནམ་བསྐོས་ལྷ་ཡི་བཀའ་ཡིག་མིན་ན།།
ས་ཆེན་གསེར་གྱི་སྒྲོག་གུ་མ་གཅོད།།

ང་ཚོ་གངས་དང་ཉི་མས་བཞུས་ཤིང་།།
ང་ཚོ་རྨ་འབྲི་གཙང་བོར་འཐིམས་མྱོང་།།
སྤངས་རྒྱན་མེ་ཏོག་དེ་ཡང་ཡིན་པ།།
ད་ནི་སྲིད་པའི་གནའ་གཏམ་རྐྱང་རྐྱང་།།

འབྲི་བརྒྱ་ཚང་གི་མཚེར་ས་མཐོང་ན།།
སྟོང་ལུག་ཚང་གི་དབྱར་ས་དྲན་ན།།
གནའ་བོའི་རི་དང་ཆུ་བོ་དྲན་གི།
ད་དུང་མཐིང་སྨུག་སྦྲ་ནག་དྲན་གི།

དེ་རིང་ས་ཕྱོགས་གང་ནས་ཡོང་ཡོང་།།
ཡང་ན་རྗེས་ཕྱོགས་གང་ལ་འགྲོ་འགྲོ།
ཕ་ས་སྨུག་པོའི་ལས་དབང་བསམ་ནས།།
དངུལ་གྱི་ཇ་ནེ་སེམས་ཀྱིས་སྲུང་དགོས།།

ང་ནི་སུ་རེད་ཁྱོད་ཡང་སུ་རེད།།
རང་རང་སུ་ཡིན་སེམས་ལ་བཟུང་ནས།།
ང་ཚོ་ངུ་ཞོར་ང་ཚོ་དགོད་ཞོར།།
སང་ཉིན་ཡོད་པ་གླུ་རུ་ལེན་དགོས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息