介绍: ཟླ་ངོགས་ཀྱི་སེམས་པ།
ཚིག བཀྲ་ཤིས་ཡར་འཕེལ།
དབྱངས། ལུང་མོའོ།
ལེན་མཁན། བྱུ་རུ་དམར་ཆུང་ཚན་སྡེབ།
དཀར་གསལ་དུང་གི་ཟླ་བར་ལྟ་བཞིན་སྙིང་གི་གྲོགས་ལ་སྒུག
སེམས་ཀྱི་དབྱངས་རྟ་ཤབ་བེ་ཤུབ་བེ་སྐྱི་བསེར་རླུང་ལ་བསྐུར།
མི་འགྱང་མྱུར་ཏུ་མཇལ་བའི་མིག་ཟུང་གཡོ་མེད་བགྲད་བཞིན་དུ།
སེམས་ཀྱི་གསང་བ་འཕྲིན་ཐུང་བརྒྱུད་དེ་སྙིང་གི་གྲོགས་ལ་བརྗོད།
ལ...

ལྷན་གཅིག་ཡངས་པའི་སྤང་ཐང་མྱུལ་ཞིང་གཡང་དཀར་འབའ་འབའ་འཚོས།
གངས་ལྷ་མེ་ཏོག་མཉམ་དུ་འཐུ་ཞིང་བརྗིད་ཆགས་གངས་ལ་བལྟས།
བརྩེ་བའི་མེ་ཏོག་སྣ་བརྒྱ་སྤང་དང་ཆུ་བོའི་འགྲམ་ལ་བཏབ།
མི་འགྱུར་ཚིག་གསུམ་དམ་བཅའ་དེ་ཡང་རྡོ་བརྐོས་རི་མོར་བཀོད།
འདུ་འཛིའི་ཁྲོད་དུ་འུ་གཉིས་འཕྲད་པའི་སྣང་བ་དེ་ཡང་དྲན།
ཁྱོད་ཡ་སྤང་ཐང་མྱུལ་བ་མཚན་མོའི་ཟླ་ངོགས་དུང་བའི་སྙིང་གི་གཏམ།
ཁ་སང་བཞག་པའི་བརྩེ་བ་ཟབ་མོ་ལོ་ཟླས་བསུབ་མི་ནུས།
བདེ་སྐྱིད་སྣང་བ་དེ་ཡང་ཉེ་བའི་ས་ན་ཡོད།
ཁྱོད་ལ་བཅང་བའི་བརྩེ་བ་ཟབ་མོའི་དྲོད་ཁོལ་འཇམ་པོ་ཡོད།
ཁྱོད་ཡ་འགྱུར་བ་མ་གནང་ཡིད་ཆད་མ་གནང་ལས་དབང་ཟབ་མོ་དེ།
ཁྱེད་དང་འབྲལ་མེད་དམ་པོར་ཡོད་པས་བརྩེ་བ་མྱོང་གི་ཡོད།
གཞས་གདངས་གཉོམ་པོས་བདེ་སྐྱིད་འཚོ་བ་བཤད་ཀྱིན་ཡོད།
་ ་ ་ ་
དཀར་གསལ་དུང་གི་ཟླ་བར་ལྟ་བཞིན་སྙིང་གི་གྲོགས་ལ་སྒུག
སེམས་ཀྱི་དབྱངས་རྟ་ཤབ་བི་ཤུབ་བི་སྐྱི་བསེར་རླུང་ལ་བསྐུར།
མི་འགྱང་མྱུར་ཏུ་མཇལ་བའི་མིག་ཟུང་གཡོ་མེད་བགྲད་བཞིན་དུ།
སེམས་ཀྱི་གསང་བ་འཕྲིན་ཐུང་བརྒྱུད་དེ་སྙིང་གི་གྲོགས་ལ་བརྗོད།
ལྷན་གཅིག་ཡངས་པའི་སྤང་ཐང་མྱུལ་ཞིང་གཡང་དཀར་འབའ་འབའ་འཚོས།
གངས་ལྷ་མེ་ཏོག་མཉམ་དུ་འཐུ་ཞིང་བརྗིད་ཆགས་གངས་ལ་བལྟས།
བརྩེ་བའི་མེ་ཏོག་སྣ་བརྒྱ་སྤང་དང་ཆུ་བོའི་འགྲམ་ལ་བཏབ།
མི་འགྱུར་ཚིག་གསུམ་དམ་བཅའ་དེ་ཡང་རྡོ་བརྐོས་རི་མོར་བཀོད།
འདུ་འཛིའི་ཁྲོད་དུ་འུ་གཉིས་འཕྲད་པའི་སྣང་བ་དེ་ཡང་དྲན།
ཁྱོད་ཡ་སྤང་ཐང་མྱུལ་བ་མཚན་མོའི་ཟླ་ངོགས་དུང་བའི་སྙིང་གི་གཏམ།
ཁ་སང་བཞག་པའི་བརྩེ་བ་ཟབ་མོ་ལོ་ཟླས་བསུབ་མི་ནུས།
བདེ་སྐྱིད་སྣང་བ་དེ་ཡང་ཉེ་བའི་ས་ན་ཡོད།
ཁྱོད་ལ་བཅང་བའི་བརྩེ་བ་ཟབ་མོའི་དྲོད་ཁོལ་འཇམ་པོ་ཡོད།
ཁྱོད་ཡ་འགྱུར་བ་མ་གནང་ཡིད་ཆད་མ་གནང་ལས་དབང་ཟབ་མོ་དེ།
ཁྱེད་དང་འབྲལ་མེད་དམ་པོར་ཡོད་པས་བརྩེ་བ་མྱོང་གི་ཡོད།
གཞས་གདངས་གཉོམ་པོས་བདེ་སྐྱིད་འཚོ་བ་བཤད་ཀྱིན་ཡོད།
ལ་ལ་་་
服务条款| 隐私政策| 儿童隐私政策| 版权投诉| 投资者关系| 广告合作 | 联系我们
廉正举报 不良信息举报邮箱: 51jubao@service.netease.com
互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18 浙ICP备15006616号-4 工业和信息化部备案管理系统网站
网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息