合唱 གྲོགས་པོའི་ནང་གི་གྲོགས་པོ།

创作翻唱 天籁藏曲歌集 第143期 2019-04-01 创建 播放:72049

介绍: གྲོགས་པོའི་ནང་གི་གྲོགས་པོ།
ཚིག བེ་དུང་།
དབྱངས། བསོད་ནམས་སྟོབས་རྒྱལ།
ལེན་མཁན། བསོད་ནམས་སྟོབས་རྒྱལ། འབྲོང་རྫི། སྒྲོལ་མ་མཚོ། འཇམ་དབྱངས་སྒྲོལ་མ།

གྲོགས་པོ་ཟེར་ན་ཕྱི་ནང་མེད་ནི་ཞིག།
ཁོག་གི་སྐད་ཆ་ཁ་ནས་བཤད་ནི་ཞིག།
ཁ་ངོ་ཐུག་དུས་ཁ་ཡག་མེད་ནི་ཞིག།
ཁ་ཁར་མི་འགྲོ་ཁ་མཆུ་མེད་ནི་ཞིག།
ང་ཡི་སྙིང་གི་གྲོགས་པོ་བཟང་པོ་ཡིན།།

གྲོགས་པ...

介绍: གྲོགས་པོའི་ནང་གི་གྲོགས་པོ།
ཚིག བེ་དུང་།
དབྱངས། བསོད་ནམས་སྟོབས་རྒྱལ།
ལེན་མཁན། བསོད་ནམས་སྟོབས་རྒྱལ། འབྲོང་རྫི། སྒྲོལ་མ་མཚོ། འཇམ་དབྱངས་སྒྲོལ་མ།

གྲོགས་པོ་ཟེར་ན་ཕྱི་ནང་མེད་ནི་ཞིག།
ཁོག་གི་སྐད་ཆ་ཁ་ནས་བཤད་ནི་ཞིག།
ཁ་ངོ་ཐུག་དུས་ཁ་ཡག་མེད་ནི་ཞིག།
ཁ་ཁར་མི་འགྲོ་ཁ་མཆུ་མེད་ནི་ཞིག།
ང་ཡི་སྙིང་གི་གྲོགས་པོ་བཟང་པོ་ཡིན།།

གྲོགས་པོ་ཟེར་ན་ཡིད་ཆེས་ཡོད་ནི་ཞིག།
དར་བའི་ཚེ་ན་ངན་བཤད་མེད་ནི་ཞིག།
རྒུད་པའི་དུས་སུ་དཔུང་བ་གཤིབ་ནི་ཞིག།
སྐྱིད་ན་སྡུག་ན་ཡིད་ལ་འཛིན་ནི་ཞིག།
ང་ཡི་མི་ཚེའི་གྲོགས་པོ་བཟང་པོ་ཡིན།།

གྲོགས་པོ་ཟེར་ན་རེ་ས་ཉན་ནི་ཞིག།
སེམས་ཀྱི་ཡོད་ཚད་གཞན་ལ་གསང་ནི་ཞིག།
རྒྱུན་དུ་འགྲོགས་ན་ཕྱི་ཐག་རིང་ནི་ཞིག།
གཞན་གྱི་གམ་ནས་བླ་བཙག་མེད་ནི་ཞིག།
ང་ཡི་སེམས་ཀྱི་གྲོགས་པོ་བཟང་པོ་ཡིན།།

གྲོགས་པོ་ཟེར་ན་སེར་སྣ་མེད་ནི་ཞིག།
གཡོ་དང་རྫུན་གྱི་འཁྲབ་སྟོན་མེད་ནི་ཞིག།
ཚིག་རྩུབ་ཤོར་རུང་ཁོང་ཁྲོ་མེད་ནི་ཞིག།
བར་གྱི་མཛའ་བརྩེ་འགྱུར་བ་མེད་ནི་ཞིག།
ང་ཡི་ལས་ཀྱི་གྲོགས་པོ་བཟང་བོ་ཡིན།།
ང་ཡི་ལས་ཀྱི་གྲོགས་པོ་བཟང་པོ་ཡིན།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息