德吉才让 གངས་རི་དང་གཙང་བོ།

创作翻唱 天籁藏曲歌集 第87期 2019-03-04 创建 播放:6617

介绍: གངས་རི་དང་གཙང་བོ།
ཚིག ཁོ་བསྟན།
དབྱངས། བདེ་སྐྱིད་ཚེ་རིང་།
ལེན་མཁན། བདེ་སྐྱིད་ཚེ་རིང་།
་ ་ ་ ་
ལོ་ཟླ་བརྒྱ་ཕྲག་གི་བརྩེགས་མ།
ཁ་བ་སྟོང་ཕྲག་གི་འདབ་མ།
སེམས་པ་ཁྲི་ཕྲག་གི་ཕ་མ།
རེ་བ་འབུམ་ཕྲག་གི་དྭངས་མ།
སྲིད་པའི་མཐོ་ས་ན་མཐོན་པོ་མཐོན་པོར་འགྲེང་བའི།
ང་ཡི་གངས་དཀར་རི་པོ།
ཁྱོད་ཀྱི་གཡས་གཡོན་མིག་ཆུས་བརླན་ཡོད།
ཁྱོད་ཀྱི་ཕན་ཚུན་ད...

介绍: གངས་རི་དང་གཙང་བོ།
ཚིག ཁོ་བསྟན།
དབྱངས། བདེ་སྐྱིད་ཚེ་རིང་།
ལེན་མཁན། བདེ་སྐྱིད་ཚེ་རིང་།
་ ་ ་ ་
ལོ་ཟླ་བརྒྱ་ཕྲག་གི་བརྩེགས་མ།
ཁ་བ་སྟོང་ཕྲག་གི་འདབ་མ།
སེམས་པ་ཁྲི་ཕྲག་གི་ཕ་མ།
རེ་བ་འབུམ་ཕྲག་གི་དྭངས་མ།
སྲིད་པའི་མཐོ་ས་ན་མཐོན་པོ་མཐོན་པོར་འགྲེང་བའི།
ང་ཡི་གངས་དཀར་རི་པོ།
ཁྱོད་ཀྱི་གཡས་གཡོན་མིག་ཆུས་བརླན་ཡོད།
ཁྱོད་ཀྱི་ཕན་ཚུན་དུང་བས་འབྲེལ་ཡོད།
ང་རང་ཁྱོད་ཀྱི་བྱིན་རླབས་ཀྱིས་བརྒྱན་ཡོད།
ཁྱོད་ཀྱང་ང་ཡི་ཡིད་ཆེས་ཀྱིས་འཚོས་ཡོད།
ང་ཡི་གངས་རི་དཀར་པོ།
ང་ཡི་གངས་རི་དཀར་པོ།
་ ་ ་ ་
ཁ་བ་དཀར་པོ་ཁ་བའི་ལྗོངས་ལ་མཛེས་སྡུག་གིས་བབས།
ཁ་བ་རི་བོས་ཁོར་ཡུག་བསྐོར་བའི་ཁ་བའི་འཇིག་རྟེན་འདི་ན།
ངའི་ཕ་མ་དང་བུ་ཕྲུག་དང་ཕུ་ནུ་དང་མིང་སྲིང་རྣམས་ཀྱི་གཞི་ཁྱིམ་ཡོད།
ང་ཡི་གངས་དཀར་རི་པོ།
དུང་བ་དེའི་དབང་གིས།
ཞེན་ཆགས་དེའི་དབང་གིས།
ཁྱོད་ཀྱི་འཁྱག་རོམ་ལ་དྲོད་པ་ལྡན་བྱུང་།
གཟི་བརྗིད་དེའི་སྟོབས་ཀྱིས།
མཛེས་སྡུག་དེའི་དབང་གིས།
རྣམ་ཤེས་འདི་ཁྱོད་ཀྱི་ཉིད་མཚན་དུས་དྲུག་གི་ཁ་ཟས་ཡིན་སོང་།
ལོ་བརྒྱ་དང་སྟོང་དང་ཁྲི་དང་འབུམ་ཕྲག་མང་བོའི་སྔོན་ནས་བཟུང་།
ང་ཁྱོད་ཀྱི་པང་ནས་ངུས་མྱོང་ན་ཡང་ཆོག
ལོ་བརྒྱ་དང་སྟོང་དང་ཁྲི་དང་འབུམ་ཕྲག་མང་བོའི་རྗེས་ནས།
ང་ཁྱོད་ཀྱི་པང་ནས་ངུ་སྲིད་ན་ཡང་ཆོག
དེ་རིང་ངམ།
ད་ལོ་འམ།
སྐྱེ་བ་འདི་འམ།
མི་ཚེ་འདིར།
ང་རང་ཁྱོད་ཀྱི་ཉེ་འདབས་ནས་སྐྱེ་ཤིང་ཉེ་འདབས་ནས་འཚོ་བཞིན་ཉེ་འདབས་ནས་ཤི་ན་འདོད།
ཤ་ཁྲག་འདིའི་དབང་གིས།
འདོད་པ་འདིའི་དབང་གིས།
ཁྱོད་ནི་ངའི་ལེན་འདོད་པའི་གླུ་ཚིག་དང་གྱེར་འདོད་པའི་སྙན་ངག་དང་།
འགུགས་འདོད་པའི་འགྱུར་ཁུག་དེ་དང་།
ང་རང་ཁྱོད་ལ་དེ་ལྟར་དུང་མྱོང་།
ང་རང་ཁྱོད་ལ་དེ་ལྟར་དགའ་མྱོང་།
་ ་ ་ ་
གངས་རི་དཀར་པོའི་ར་བས་བསྐོར་བ།
སྤང་ལྗོངས་སྔོན་མོའི་སྟོད་ནས་བརྒྱན་ཞིང་།
གཙང་ཆབ་སྔོན་མོའི་མཐའ་ནས་བརྒྱན་པའི།
གོ་ལ་ས་ཡི་རྩེ་མོ་སུམ་ལྡན་ལྷ་ཡི་ཕོ་བྲང་འཇིག་རྟེན་མི་ཡི་དག་ཞིང་འདི་ནི།
ཕ་མེས་པོ་འཁྲུངས་ས་ལས་དབང་ཐང་རྒྱས་ས།
ང་ལ་གངས་རི་ཡོད།
གངས་རི་ལ་རྣམ་ཤེས་ཡོད།
ཁྱོད་ལ་གཙང་བོ་ཡོད།
གཙང་བོ་ལ་སྙན་ངག་ཡོད།
ང་ལ་ཁྱོད་ཡོད་ཁྱོད་ལ་ང་ཡོད།
གངས་རི་ལགས། ཁྱོད་ནི་མ་གཞི་ནས་དཀར་པོ་ཡིན།
གཙང་བོ་ལགས། ཁྱོད་ནི་རྩ་བ་ནས་ལྷད་མེད་ཡིན།
ཁྱེད་རང་ཇེ་མཐོ་ནས་ཇེ་མཐོ་ཡོང་བའི་སྨོན་ལམ་འདེབས།
ཁྱེད་རང་ཇེ་གཙང་ནས་ཇེ་གཙང་ཡོང་བའི་སྨོན་ལམ་འདེབས།
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།
མིག་ཆུ་བརྒྱ་ཕྲག་གི་བསིལ་མ།
ལས་དབང་སྟོང་ཕྲག་གི་ཟེགས་མ།
སེམས་པ་ཁྲི་ཕྲག་གི་ཕ་མ།
རེ་བ་འབུམ་ཕྲག་གི་དྭངས་མ།
དུས་ཀྱི་རབ་ཁ་ན་རབ་ཏུ་འཕྱོ་བའི།
ང་ཡི་གཙང་ཆབ་སྔོན་མོ།
ཁྱོད་ཀྱི་འགོ་རྔ་མིག་ཆུས་བརླན་ཡོད།
ཁྱོད་ཀྱི་ཕན་ཚུན་དུང་བས་འབྲེལ་ཡོད།
ང་རང་ཁྱོད་ཀྱི་སྙིང་སྟོབས་ཀྱིས་བརྒྱན་ཡོད།
ཁྱེད་ཀྱང་ང་ཡི་ཡིད་ཆེས་ཀྱིས་འཚོས་ཡོད།
ང་ཡི་གཙང་ཆབ་སྔོན་མོ།
ང་ཡི་གཙང་ཆབ་སྔོན་མོ།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息