说唱 阿妈

创作翻唱 嘉嘉音乐圈 第56期 2018-12-24 创建 播放:34224

介绍: ཨ་མ་ལགས།
ཚིག དགེན་གྱི་ལིང་འཇིགས་མེད།
ལེན་ཾམཁན། གཙང་སྡེ་རྒྱལ་མཚན། བསམ་པའི་དོན་གྲུབ།

ཨ་མ་དུང་གི་ཟླ་བ་ཟླ་བ་སྙིང་ལ་མཛེས་པ།,
སྙིང་ལ་མཛེས་པའི་འོད་ཀྱིས་མི་ཚེའི་མུན་པ་སེལ་སོང་།,
ཨ་མ་གཡུ་ཡི་ཕྲེང་བ་གཡུ་ལོ་བཀོད་བའི་ལམ་ཡིག,
གཡུ་ཡི་སྒྲོལ་མ་ལྗང་མོ་འཛུམ་གྱིས་བྱོན་པ་འདྲ་སོང་ཨ་མ་ལགས།,
ང་རང་ཆུང་ཆུང་གི་དུས་ནས་ཁྱོད་ཀྱི་འཛུམ...

介绍: ཨ་མ་ལགས།
ཚིག དགེན་གྱི་ལིང་འཇིགས་མེད།
ལེན་ཾམཁན། གཙང་སྡེ་རྒྱལ་མཚན། བསམ་པའི་དོན་གྲུབ།

ཨ་མ་དུང་གི་ཟླ་བ་ཟླ་བ་སྙིང་ལ་མཛེས་པ།,
སྙིང་ལ་མཛེས་པའི་འོད་ཀྱིས་མི་ཚེའི་མུན་པ་སེལ་སོང་།,
ཨ་མ་གཡུ་ཡི་ཕྲེང་བ་གཡུ་ལོ་བཀོད་བའི་ལམ་ཡིག,
གཡུ་ཡི་སྒྲོལ་མ་ལྗང་མོ་འཛུམ་གྱིས་བྱོན་པ་འདྲ་སོང་ཨ་མ་ལགས།,
ང་རང་ཆུང་ཆུང་གི་དུས་ནས་ཁྱོད་ཀྱི་འཛུམ་ངོགས་ལ་རྩེན།,
ང་ཡི་མཛེས་སྡུག་གི་མི་ཚེ་ཁྱོད་ཀྱི་པང་ཁུགས་ན་ལས་ཡོད།,
ང་ཡི་དག་གཙང་གི་སྨོན་འདུན་ཁྱོད་ཀྱི་ཡིག་དྲུག་གི་དབྱངས་རྟ་དེའི་ངོགས་ནས་རྙེད།,
ང་ཡི་དྲིན་ཆེན་གི་ཨ་མ་བྱམས་སེམས་གི་བདག་མོ།,
ང་ནི་ནམ་ཡང་ཁྱོད་ཀྱི་རྨི་ལམ་དང་འདྲེས་པའི་འཛུམ་ཀོང་ཆུང་ཆུང་དེ་ཡིན།,
གལ་ཏེ་འཇིག་རྟེན་འདི་ཡི་གནམ་འོག་སྐྱིད་སྡུག་ཟེར་བ།,
ཉམས་ཆུང་མགོ་ནག་མིའི་རིགས་ཚོས་ལག་དུ་ཡོད་ན།,
ངས་ཀྱང་ཁྱེད་ལ་བདེ་སྐྱིད་རྐྱང་རྐྱང་གིས་གྲུབ་པའི་འཇིག་རྟེན་ཞིག་འབུལ་ཆོག་གོ,
ང་ཡི་དྲིན་ཆེན་མ་ལོ་སྐུ་ཚེ་བསྟན་པའི་སྨོན་ལམ།,
ཁྱོད་ཀྱི་བརྩེ་བའི་བུ་ཡི་ཁ་གཤས་འཇམ་པའི་སྨོན་ལམ།,
ང་ཡི་ལུས་ངག་ཡིད་གསུམ་ཨ་མ་ལགས་ཁྱེད་ཀྱི་མཆོག་ལ་འབུལ།,
བུ་ང་ཡིས་མི་རིགས་དང་རྒྱལ་ཁབ་ཟེར་བ་བརྗེད་ཀྱང་ཆོག་ལ།,
མི་ཚེ་དང་ཕུགས་འདུན་ཟེར་བ་འདོར་ཡང་ཆོག་མོད།,
བརྗེད་མི་ཆོག་པ་ནི་ཁྱེད་ཀྱི་ཡིག་དྲུག་གི་དབྱངས་རྟ་ཡིན།,
འདོར་མི་ཕོད་པ་ནི་འཛུམ་ངོགས་ཀྱི་གནའ་གཏམ་སྙན་མོ་དེ་དག་ཡིན།,
ང་ལ་ལ་རྒྱ་དང་སྤོབས་པ་མེད་ཀྱང་ཆོག་སྟོབས་འབྱོར་དང་མངའ་ཐང་མེད་ཀྱང་རུང་།,
མེད་མི་རིང་བ་ཁྲེལ་གཞུང་དང་ཕྱི་ཐག་ཡིན་ལ་འདོར་མི་རུང་བ་ངོ་ཚ་དང་རང་ཚུགས་ཡིན།,
དེ་ནི་ཁྱེད་ཀྱིས་ང་ལ་བཅངས་པའི་རེ་བ་ཐོག་མ་ཡིན་ལ།,
དེ་ནི་ཁྱེད་ཀྱིས་ང་ལ་བསླབས་པའི་མི་ཚེ་ཡི་གདམས་ངག་དེ་ཡིན།,
དབྱར་དགུན་རེས་ཀྱིས་འཁོར་བའི་ལོ་ཟླ།,
སྐྱིད་སྡུག་དར་རྒུད་མང་བའི་འཇིག་རྟེན།,
འཁོར་བའི་གཏམ་རྒྱུད་རིང་མོར་རྫོགས་པ་མེད་ཀྱང་།,
དྲོ་ན་ཟླ་བ་དཀར་པོ་གྲང་ན་ཉི་མ་སེར་བོ།,
ཨ་མ་ང་དང་ཁྱོད་ཀྱི་ཨ་མ་ང་ཚོ་ཚང་མའི་ཨ་མ།,
ཨ་མ་འཛོམས་པའི་མི་ཡིས་དྲིན་ལན་འཇལ་རྒྱུ་མ་བརྗེད།,
ཨ་མའི་དྲིན་ལན་གཏན་དུ་བརྗེད་མི་ཉན།,
ཨ་མའི་བཀའ་དྲིན་ནམ་ཡང་འཇལ་བར་དཀའ།,
ཆོལ་ཁ་གསུམ་གྱི་ཨ་མ། རོང་འབྲོག་གཉིས་ཀྱི་ཨ་མ།,
གངས་ཅན་བོད་ཀྱི་ཨ་མ། བྱམས་སེམས་ཅན་ཀྱི་ཨ་མ།。
ང་ཡི་ཨ་མ་མི་ཡི་སྒྲོལ་མ།།
མི་ཡི་རྣམ་རོལ་རྗེ་བཙུན་སྒྲོལ་མ།།
ང་ཡི་ཨ་མ་ལྷ་ཡི་སྒྲོལ་མ།།
ལྷ་ཡི་སྟོན་པ་དྲིན་ཆེན་ཨ་མ།།
བྱིས་པ་བསམ་མེད་ཅིག་གི་གཏམ་རྒྱུད་དང་།
གཞོན་ནུ་མགོ་སྟོང་ཞིག་གི་ལང་ཚོ་ལ།
འདས་མ་ད་གསུམ་གྱི་དབུ་འཁྱུད་བྲིས་ཤིང་།
དགའ་སྐྱོའི་རི་མོ་ལ་སྐྱ་ཐིག་ཕབས་ཏེ།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息