洛才-འབྲོག་མི།

创作翻唱 天籁藏曲歌集 第23期 2018-12-06 创建 播放:6378

介绍: འབྲོག་མི།
ཚིག མི་ཉག་ནོར་བུ་དབང་རྒྱལ།
དབྱངས། ཙན་དན་ལོ་མ།
གཞས་པ། ཁ་བ་བོད་པའམ་བློ་ཚེ།

ཉིན་མོ་ནོར་ལུག་གི་འཕེལ་ཀ་བརྩིས་ཤིང་།
མཚན་མོ་སྐར་ཚོགས་ཀྱི་མཛེས་སྡུག་འཐུ་བའི།
མཐོ་སྒང་གི་འབྲོག་མི།
མཐོ་སྒང་གི་བདག་པོ།
ཁྱེད་ཀྱི་སེམས་ཁོང་ན་ཉི་ཟླ་སྐར་གསུམ་གྱི་གསལ་ཆ་དངས་མོ་ཡོད།
ཁྱེད་ཀྱི་ཁྱིམ་གཞིས་ན་ཕ་མེས་ཡང་མེས་ཚོའིའཚོ་བའི་རིན་ཐང་...

介绍: འབྲོག་མི།
ཚིག མི་ཉག་ནོར་བུ་དབང་རྒྱལ།
དབྱངས། ཙན་དན་ལོ་མ།
གཞས་པ། ཁ་བ་བོད་པའམ་བློ་ཚེ།

ཉིན་མོ་ནོར་ལུག་གི་འཕེལ་ཀ་བརྩིས་ཤིང་།
མཚན་མོ་སྐར་ཚོགས་ཀྱི་མཛེས་སྡུག་འཐུ་བའི།
མཐོ་སྒང་གི་འབྲོག་མི།
མཐོ་སྒང་གི་བདག་པོ།
ཁྱེད་ཀྱི་སེམས་ཁོང་ན་ཉི་ཟླ་སྐར་གསུམ་གྱི་གསལ་ཆ་དངས་མོ་ཡོད།
ཁྱེད་ཀྱི་ཁྱིམ་གཞིས་ན་ཕ་མེས་ཡང་མེས་ཚོའིའཚོ་བའི་རིན་ཐང་ཡོད།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་ཡིན་ལ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་ཐ་མ་དེའང་ཡིན།
ཨ་་་་་་་་་་་འབྲོག་མི།

རྫི་གླུ་སྙན་མོ་ཡི་དབྱངས་རྟ་འཇམ་པོས།
རི་ལུང་ཐང་གསུམ་ལ་བྱིན་རླབས་སྩོལ་བའི།
མཐོ་སྒང་གི་འབྲོག་མི།
མཐོ་སྒང་གི་བདག་པོ།
ཁྱེད་ཀྱི་ངག་སྒོ་ནས་ཀ་ཁ་ག་ང་ཡི་གདངས་དབྱངས་དག་མ་འཁྲུངས།
ཁྱེད་ཀྱི་འཚོ་གཞིས་ནས་གངས་ཅན་་བོད་པ་ཡི་འགྲོ་ལུགས་འདུག་སྲོལ་བྱུང་།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་ཡིན་ལ།
ཁྱེད་ནི་ང་ཚོ་མཐོ་སྒང་གི་གཞི་འཛིན་ཐ་མ་དེའང་ཡིན།
ཨ་་་་་་་་་་་འབྲོག་མི།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息