དབྱངས་གསལ།

创作翻唱 德吉老爷T 第3期 2018-11-10 创建 播放:42637

介绍: དབྱངས་གསལ།

ལྷ་ཡི་ཐོག་མ་ཕྱག་ན་པད་དཀར་ཡིན།
བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན།
མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་ཡིན།
དགོན་གྱི་ཐོག་མ་བསམ་ཡས་གཙུག་ལག་ཁང་།
ལོ་ཙཱའི་ཐོག་མ་ཐོན་མི་སམ་བྷོ་ཊ།
ཁོང་གིས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་གསལ་བྱེད་ཉེར་བཞི་གཏན་ལ་ཕབ།
བོད་སྐད་གདངས་ཀྱི་དགོས་པ་བཞིན།
སྟོད་དུ་ཅ་ཆ་ཇ་གསུམ་དང་།སྨད་དུ་ཞ་ཟ་འ་གསུམ...

介绍: དབྱངས་གསལ།

ལྷ་ཡི་ཐོག་མ་ཕྱག་ན་པད་དཀར་ཡིན།
བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན།
མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་ཡིན།
དགོན་གྱི་ཐོག་མ་བསམ་ཡས་གཙུག་ལག་ཁང་།
ལོ་ཙཱའི་ཐོག་མ་ཐོན་མི་སམ་བྷོ་ཊ།
ཁོང་གིས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་གསལ་བྱེད་ཉེར་བཞི་གཏན་ལ་ཕབ།
བོད་སྐད་གདངས་ཀྱི་དགོས་པ་བཞིན།
སྟོད་དུ་ཅ་ཆ་ཇ་གསུམ་དང་།སྨད་དུ་ཞ་ཟ་འ་གསུམ་བཅས།
གསར་དུ་བསྣན་པའི་ཡི་གེ་དྲུག་དེ་ལྟར་གསལ་བྱེད་སུམ་ཅུ་སྟེ།
ཀ་ཁ་ག་ང་།ཅ་ཆ་ཇ་ཉ།ཏ་ཐ་ད་ན།པ་ཕ་བ་མ།ཙ་ཚ་ཛ་ཝ།ཞ་ཟ་འ་ཡ།ར་ལ་ཤ་ས།ཧ་ཨ་བཅས།
དབྱངས་བཞི་ནི།གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ།ཨི་ཨུ་ཨེ་ཨོ།
རྗེས་འཇུག་བཅུ་ནི་གང་ཡིན།ག་ང་ད་ན་བ་མ་འ་ར་ལ་ས་ནི་རྗེས་འཇུག་བཅུ།
སྔོན་འཇུག་ལྔ་ནི།ག་ད་བ་མ་འ་སྔོན་འཇུག
ཡང་འཇུག་ནི།ད་ས་གཉིས་ནི་ཡང་འཇུག་ཡིན།
བོད་ལ་རིག་གནས་ཆེ་ཆུང་དུ་ཡོད།ཆེ་བ་ལྔ་དང་ཆུང་བ་ལྔ།
ཆེ་བ་ལྔ་ནི།སྒྲ་རིག་པ།བཟོ་རིག་པ།གསོ་བ་རིག་པ།ཚད་མ་རིག་པ།ནང་དོན་རིག་པ།
ཆུང་བ་ལྔ་ནི།སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་དཀར་སྐར་རྩིས་བཅས་ལྔ་ཡིན།
ཡ།ཁོ་རེ།དེ་ནས་ནི་དྲིན་ཅན་ཕ་མའི་དྲིན་ལ་དྲིན་འཇལ་ཐུབ་པ་ལས།དགེ་རྒན་དམ་པའི་རེ་ལ་རེས་ཆུང་མ་ནོར།
གངས་ཅན་བོད་ཀྱི་རིགས་འདི་རྒྱུད་འཛིན་པ་དང་།
དགེན་ལགས།
བླ་མ་ཁྱེད་ནི་གེ་སར་གྱི་ཚ་བོ་ཡིན།ས་སྐྱོང་རྒྱལ་བོའི་ནུ་བོ་ཡིན།
ཁྱོད་ཤ་དང་རུས་པ་བོད་ཡིན་ལ་རིགས་རྒྱུད་གཙང་མ་ལྷ་ཡིན།
ང་ཕ་མ་གཉིས་ཀྱི་ནོར་ཡིན་ལ་བོད་པའི་སྲོག་གི་རྩ་བ་ཡིན།

བུ་ཆུང་ལྷ་ཡི་སྲས།ལྷ་ཚངས་པ་དཀར་པོ་རྒྱུད་པ་ཡིན།
བུ་མོ་བུ་མོ་ལྷ་ཡི་སྲས།ལྷ་ཚངས་པ་དཀར་པོ་རྒྱུད་པ་ཡིན།
བུ་ཆུང་ལྷ་ཡི་སྲས།ལྷ་ཚངས་པ་དཀར་པོ་རྒྱུད་པ་ཡིན།

ཡ།སློབ་ཕྲུག་ལགས།
ཁྱོད་ཀྱི་ཞལ་རས་དཀར་ཟླ་བ་ལ།བྱམས་བརྩེ་སྟོང་གི་འཛུམ་མདངས་འཕྲོ་འདུག
ཐུགས་རྒྱུད་རྒྱ་དར་དཀར་པོ་ལ།ཤེས་རིག་སྟོང་གི་འོད་སྣོང་འཕྲོ་འདུག
སྐུ་གཟུགས་ཙ་རིའི་སྨྱུག་མ་ལ།གདོང་དམར་བུ་ཡི་ཁྱད་ཆོས་ལྡན་འདུག
ཁྱོད་ནི།
བོད་ཁ་བའི་ཁྲ་ཆུང་མིག་རེད།དྲིན་ཕ་མའི་དམར་ཆུང་སེམས་རེད།
དགེན་ང་ཡི་བརྩེ་བའི་སྙིང་ཡིན་པ་མ་ཟད།
ཁྱོད་ནི་རྒྱལ་ཁབ་ཀྱི་རེ་བ།མི་རིགས་ཀྱི་རེ་བ།ཕ་མའི་རེ་བ།དགེ་རྒན་ཀྱི་རེ་བ།
མདོར་ན་རེ་བ་ཡོད་ཚད་ཁྱོད་ལ་བཅོལ་ཡོད་པས།ཁྱོད་ཀྱིས་ཁོ་ཚོའི་རེ་བའི་སྟེང་གི་འབབ་ཆུ་དེ་ཇི་ལྟར་སྒྲུབ་རྒྱུ་ཡིན།
ངས་དགེ་རྒན་དམ་པའི་ཁ་ཉན།དྲིན་ཅན་ཕ་མའི་བཀའ་བརྩིས་ནས།
བོད་ཡིག་ཀ་ཁ་ག་ང་དང་དབྱིན་ཡིག་a b c d རྒྱ་ཡིག་a o e ལ་སོགས་པའི།
འཛམ་གླིང་གི་སྐད་རིགས་འདྲ་མིན།differend of world language 世界各种语言
ལོ་དང་ཟླ་བ་ཞག་དང་ཉི་མ་ཐ་ན་དུས་ཚོད་དང་སྐར་ཆ་ཆུད་ཟོས་སུ་མ་སོང་བར།སེམས་ལ་བདེ་སྐྱིད་ཀྱིས་གང་།ངོ་ལ་འཛུམ་མདངས་ཀྱིས་གང་ནས་དུས་རབས་གསར་བའི་ཤེས་རིག་ལ་ཉིན་མཚན་གཏོལ་མེད་དང་འབད་བརྩོན་ལྷོད་མེད་བྱས་ནས་ཕ་མ་དང་སློབ་དཔོན་ཀྱི་རེ་བ་ཉག་གཅིག་དེ་སྒྲུབ་ཐུབ་པར་བྱེད་རྒྱུ་ཡིན།

གངས་ཕྲུག་ཚོ།སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱང་།རང་གི་ཕ་སྐད་བརྗེད་ན་ངོ་རེ་ཚ་རེད།མེས་དབོན་གོང་མ་རྣམས་ཀྱི་བཀའ་དྲིན་ལས།བོད་ཡིག་འདི་གསར་གཏོད་བྱས།
ཤེས་རིག་གི་སྒྲོན་མེ་སྤར།མ་རིག་གི་མུན་པ་སེལ།
ད་ལྟ་ང་ཚོའི་ལག་ནས་ཆད་སོང་ན།ང་ཚོས་ངོ་ཚ་རེད།
བོད་སྐད་ནི་གཞན་ལ་ཡོད་ན་སྨོན་དགོས་པ་དང།
རང་ལ་ཡོད་ན་ངོམ་དགོས་པའི་ཁྱད་ནོར་ཕུན་སུམ་ཚོགས་པ་ཞིག་ཡིན་པ་སྨོས་མ་དགོས།
ཕྱི་ནང་ཀྱི་མི་རིགས་འདྲ་མིན།ཕྱི་རྒྱལ་ཀྱི་ཡུལ་གྲུ་ཁག་དང།
མཐོ་སློབ་ཀྱི་ན་གཞོན་སོ་སོས།དེང་དུས་ཀྱི་སློབ་མ་མང་པོས།
དཀར་ནག་སེར་གསུམ་ཀྱི་མི་ཚོགས་འབུམ་ཕྲག་མང་པོས་ང་ཚོའི་ཕ་མེས་ཡང་མེས་ནས་བཞག་པའི་ཕ་སྐད་གཙང་མ་འདི་ལ་ཉིན་མཚན་གཏོལ་མེད་དང་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད་པ་མ་ཟད།
རྒྱལ་ཁབ་ཕྱི་ནང་མང་པོས་མཐོང་ཆེན་བྱེད་ཡུལ།
མི་རིགས་དཀར་ནག་མང་པོས་སློབ་སྦྱོང་བྱེད་ས་ཞིག་ཆགས་ཡོད་པ་ཚང་མས་ཤེས་རྒྱུ་རེད།
ཕ་ཆོས་གནམ་ལྕགས་ཀྱི་རལ་གྲི།རིག་གཞུང་གསེར་ནག་གི་ཕ་བོང་འདི་ནི།
གནས་སྲིད་པ་ཆགས་པའི་གངས་རྒན་ཡིན།ཕ་མེས་རང་གི་རིགས་གཞུང་ཡིན།
ང་ཚོ་བོད་པ་ཚང་གིས་བཅར་ཆེ་ན་མིག་གིས་རྫི་མ་མི་རིག་ཞེས་པའི་དཔེ་ལྟར།
དེ་ལ་མཐོང་ཆུང་བྱེད་ཉན་ཨེ་རེད།
བྱེད་ཉན་མ་རེད།
ཕ་སྐད་གཙང་མ་བཤད་ན་ངོ་ཚ་ཡིན་སྣང་ཤར་ཉན་ཨེ་རེད།
ཤར་ཉན་མ་རེད།
སུམ་དག་རྟགས་གསུམ་སྦྱངས་ན་མདུན་ལམ་མེད་སྣང་ཤར་ཉན་ཨེ་རེད།
ཤར་ཉན་མ་རེད།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གསུང་གི་བདུད་རྩི་ལས།
ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག
བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག ཡིན་ཡང་ཁྱེད་ཚོའི་ཤ་དང་རུས་པ་ཇི་ལྟར་བྱེད་ཀྱི་ཡིན་གསུངས་ནང་བཞིན།
ང་ཚོས་ཚིག་ལ་འབད་བརྩོན་བྱེད།དོན་ལ་སྙིང་སྟོབས་བསྐྱེད་ནས།
ལྕེ་དམར་བོའི་སྟེང་གི་ཕོ་ཚིག་དེ།སེམས་གངས་དཀར་རྒྱུད་དུ་གསལ་སེ་ཡོད།
ཐམས་ཅད་གཅིག་མཐུན་གྱི་བསམ་པ་བྱུང་ན།མི་རྗེས་མི་ཡིས་འཛིན་པར་བྱེད་ཞེས་པའི་དཔེ་ལྟར།
མ་འོངས་ཁ་བ་ཅན་གྱི་ཡུལ་གྲུ་ལ།
སྔར་མེད་ཁུ་བྱུག་སྔོན་མོའི་གསུང་སྙན་ཞིག་སྒྲོག་པའི་ལས་སྤོབས་པ་ཨེ་ཡོད།ཡོད།ཡོད།
སྔར་མེད་དཔྱིད་དཔལ་བསུ་བའི་འབྲུག་སྒྲ་ཞིག་སྒྲོག་པའི་སྤོབས་པ་ཨེ་ཡོད།ཡོད།ཡོད།
སྔར་མེད་དུས་རབས་གསར་བའི་ཅོང་བརྡ་ཞིག་སྒྲོག་པའི་སྤོབས་པ་ཨེ་ཡོད།ཡོད།ཡོད།

བུ་ཆུང་ལྷ་ཡི་སྲས།ལྷ་ཚངས་པ་དཀར་པོ་རྒྱུད་པ་ཡིན།
བུ་མོ་བུ་མོ་ལྷ་ཡི་སྲས།ལྷ་ཚངས་པ་དཀར་པོ་རྒྱུད་པ་ཡིན།
བུ་ཆུང་ལྷ་ཡི་སྲས།ལྷ་ཚངས་པ་དཀར་པོ་རྒྱུད་པ་ཡིན།

更多节目 全部>

网易云音乐多端下载

同步歌单,随时畅听好音乐

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息