创作翻唱 ཤེར་བསྟན། 谢旦 第79期 2018-02-20 创建 播放:46442

介绍: སྨོན་འདུན་གསེར་གྱི་ཐང་མ།

ཚིག  སྟག་ལྷ་རྒྱལ།

དབྱངས།. འབྲུག་ཡུལ་དམངས་གཞས།

ལེན་མཁན།. ཤེར་བསྟན།

 

ཕ་ལོ་མི་བཞུགས་དྲུག་ཅུའི་ཕ་ལོ་བཞུགས། །

དྲུག་ཅུའི་ཕ་ལོ་གཡང་ཁྱིམ་རྒྱན་དུ་བཞུགས།།

ཕྱུག་གི་རུ་མ་ཐང་ལ་བརྡལ་ནས་ཡོད།།

བཙན་གྱི་མགོ་རུ་མཁའ་ལ་མཉམ་ནས་ཡོད།།

 

ཕ་དམ་པ་སྙིང་ལ་རུས་པ་ཅན།།

འབྲོང་དར་མ་ཞིག་གི་དཔའ་སྙིང་ཡོད།།

ཡ...

介绍: སྨོན་འདུན་གསེར་གྱི་ཐང་མ།

ཚིག  སྟག་ལྷ་རྒྱལ།

དབྱངས།. འབྲུག་ཡུལ་དམངས་གཞས།

ལེན་མཁན།. ཤེར་བསྟན།

 

ཕ་ལོ་མི་བཞུགས་དྲུག་ཅུའི་ཕ་ལོ་བཞུགས། །

དྲུག་ཅུའི་ཕ་ལོ་གཡང་ཁྱིམ་རྒྱན་དུ་བཞུགས།།

ཕྱུག་གི་རུ་མ་ཐང་ལ་བརྡལ་ནས་ཡོད།།

བཙན་གྱི་མགོ་རུ་མཁའ་ལ་མཉམ་ནས་ཡོད།།

 

ཕ་དམ་པ་སྙིང་ལ་རུས་པ་ཅན།།

འབྲོང་དར་མ་ཞིག་གི་དཔའ་སྙིང་ཡོད།།

ཡུན་དུ་བརྟན་པའི་སྨོན་ལམ་འདེབས།།

སྐུ་རིན་ཆེན་བརྟན་པའི་སྨོན་ལམ་འདེབས།།

 

མ་ལོ་མི་བཞུགས་དྲུག་ཅུའི་མ་ལོ་བཞུགས།།

དྲུག་ཅུའི་མ་ལོ་གཡང་ཁྱིམ་རྒྱན་དུ་བཞུགས།།

སྐྱིད་ཀྱི་དྲོད་ཁོལ་ཁྱིམ་ལ་བསྐྱིལ་ནས་ཡོད།།

བྱམས་པའི་འོད་སྣང་གླིང་ལ་ཁྱབ་ནས་ཡོད།།

 

མ་དྲིན་ཆེན་བརྩེ་བའི་འཛུམ་རིས་ཅན།།

ལྷ་གསོན་པོ་ཞིག་གི་གཞུང་རྒྱུད་ཡོད།།

ཡུན་རིང་བརྟན་པའི་སྨོན་ལམ་འདེབས།།

སྐུ་རིན་ཆེན་བརྟན་པའི་སྨོན་ལམ་འདེབས།།

 

ཕུ་ནུ་མི་བཞུགས་དཔུང་གི་ཕུ་ནུ་བཞུགས།།

ཕུ་ནུ་དཔུང་གི་གཡང་ཁྱིམ་རྒྱན་དུ་བཞུགས།།

མཐུན་པའི་ལག་རྡང་གཅིག་ཏུ་སྦྲེལ་ནས་ཡོད།།

སྐྱིད་པའི་དགོད་སྒྲ་ཕྱོགས་བཅུར་མཆེད་ནས་ཡོད།།

 

ནང་ཕུ་ནུ་ལ་རྒྱའི་ཚེ་མདུད་ཅན།།

ཕྱི་ལྕགས་རི་ཞིག་གི་བརྟན་བརླིང་ཡོད།།

ཡུན་རིང་བརྟན་པའི་སྨོན་ལམ་འདེབས།།

སྐུ་རིན་ཆེན་བརྟན་པའི་སྨོན་ལམ་འདེབས།།

སྐུ་རིན་ཆེན་བརྟན་པའི་སྨོན་ལམ་འདེབས།།

སྐུ་རིན་ཆེན་བརྟན་པའི་སྨོན་ལམ་འདེབས།།

  • 音乐开放平台
  • 云村交易所
  • X StudioAI歌手
  • 用户认证
  • AI 免费写歌
  • 云推歌
  • 赞赏

廉正举报 不良信息举报邮箱: 51jubao@service.netease.com

互联网宗教信息服务许可证:浙(2022)0000120 增值电信业务经营许可证:浙B2-20150198 粤B2-20090191-18  浙ICP备15006616号-4  工业和信息化部备案管理系统网站

网易公司版权所有©1997-2025杭州乐读科技有限公司运营:浙网文[2024] 0900-042号 浙公网安备 33010802013307号 算法服务公示信息